草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 7 ཚེས 12 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།»གཙོ་ངོས།» གནས་ཆེན་ངོ་སྤྲོད།

གནས་ཆེན་ངོ་སྤྲོད།

མགོ་བྱང་ཡུབ།
བྱམས་པ་ཆུ་གཟིགས།
  པར་ངོས་ཐོག་མ།  པར་ངོས་གོང་མ།  པར་རིས། 6/13 པར་ཡོད།  པར་ངོས་འོག་མ།  པར་ངོས་ཐ་མ།
པར་རིས་གསལ་བཤད།

རི་བོ་ནི་བྱམས་སྐུ་དང་བྱམས་སྐུ་ནི་རི་བོ་ཡིན་ཞེས་པ་ནི།

      རྒྱ་སྐད་དུ་ལི་ཧྲན་རི་བོའི་བྱམས་པ་ཆུ་གཟིགས་མ་ནི་སི་ཁྲོན་ཞིང་ཆེན་ལི་ཧྲན་གྱི་མེན་ཅང་གཙང་བོའི་ཤར་ངོགས་དང་། ལིན་ཡུན་ཧྲན་རི་བོའི་ནུབ་ངོས། མེན་ཅང་གཙང་བོ། ཆིན་ཡིས་ཆུ་བོ། དར་མདོ་ཆུ་བོ་སྟེ་ཆུ་བོ་རྣམ་གསུམ་གྱི་འདུས་མདོ་ན་བཞུགས་ཤིང་། ལིན་ཡུན་ཧྲན་རི་བོའི་ཆིས་ལོན་རི་ཟོམ་ལ་བརྟེན་ནས་བརྐོས་པའི་རྗེ་བཙུན་བྱམས་མགོན་གྱི་བཞུགས་སྐུ་ཞིག་ཡིན་པར་བརྟེན། མཚན་གཞན་ལ་ལིན་ཡུན་བྱམས་ཆེན་ཡང་ཟེར། བྱམས་ཆེན་དེ་ཐང་ཁེ་ཡོན་ལོར་༼ སྤྱི་ལོ་༧༡༣༽ཧྭ་ཤང་ཧེ་ཐོང་ཟེར་བས་བཞེངས་མགོ་བརྩམས་ཤིང་། ཅན་ནན་ཞིས་ཁྲོན་ཅེ་ཏོའུ་ཧྲི་ཝེ་ཡིས་ཀྲིན་ཡོན་བཅུ་དགུ་ལོར་༼སྤྱི་ལོ་༨༠༣༽བཞེངས་ཚར། སྔ་ཕྱིར་ཧ་ལམ་ལོ་ངོ་དགུ་བཅུར་བཟོ་སྐྲུན་བྱས་པ་རེད། བྱམས་ཆེན་གྱི་དབུ་རི་རྩེ་དང་མཉམ་ཞིང་ཞབས་གཙང་བོའི་སྟེང་ལ་བཀོད་འདུག སྐུའི་མཐོ་ཚད་ལ་སྨིད་༧༡དང་། དབུའི་མཐོ་ཚད་ལ་སྨིད་༡༤དང་༧ཡོད། ཞལ་གྱི་ཞེང་ཚད་ལ་སྨིད་༡༠ཡོད། ཕྲག་ཞེང་ལ་སྨིད་༢༤ཡོད། སྤྱན་གྱི་རིང་ཚད་ལ་སྨིད་༣དང་༣ཡོད། སྙན་གྱི་རིང་ཚད་ལ་སྨིད་༧སོགས་ཡོད། སྙན་གྱི་དཀྱིལ་དབུས་ནས་མི་གཉིས་གཤིབ་ནས་ལངས་ཆོག་པ་དང་། དབུ་སྟེང་དུ་ཅོག་ཙེ་གཅིག་བཞག་ཆོག ཞབས་ཀྱི་མཐའ་སྐོར་དུ་མི་བརྒྱ་ཕྲག་བསྐོར་ནས་བསྡད་ཆོག་པས་ན། འཛམ་གླིང་གི་ཆེས་ཆེ་བའི་རྡོ་བརྐོས་བྱམས་སྐུ་ཞིག་ཡིན། བྱམས་སྐུ་དེ་ཞི་ཞིང་དུལ་བ་དང་རྔམ་བརྗིད་ཟིལ་ཤུགས་ལྡན་པ་ཞིག་རེད།

ལྟ་ཀློག་གྲངས་ཀ
49423366
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1