མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྲིད་གཙང་རིག་གནས་ལས་ཁུངས་སུ་སྤེལ་བའི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་བསྡུས་པ།

ཚོགས་ཞུགས་མི་སྣས་ཞིང་ཆེན་ཏང་གི་སློབ་གྲྭའི་འགྲེམ་སྤེལ་ཁང་སོ་སོ་ནས་ལྟ་སྦྱོང་བྱས་པ། 

ལྟ་སྦྱོང་ཚོགས་འདུའི་ཚོགས་ར་ནས་ཚོགས་ཞུགས་མི་སྣས་གཏམ་བཤད་ལ་ཞིབ་ཏུ་ཉན་བཞིན་པ།

   མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་དམིགས་འབེན་དམ་པོར་བཅངས་ཏེ་སྤྱོད་གཙང་རང་གཅུན་བྱེད་པ་བརྗོད་བྱ་གཙོ་བོ་ཡིན་པའི་སློབ་གསོའི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། སྤྱོད་གཙང་རང་གཅུན་གྱི་དར་སྲོལ་བཟང་བོ་དར་སྤེལ་བཅས་བྱེད་ཆེད། ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྲིད་གཙང་རིག་གནས་ལས་ཁུངས་སུ་སྤེལ་བའི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་བསྡུས།

   གྲོས་ཚོགས་སྟེང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་འགྲིམ་འགྲུལ་ཐིན་བཅས་ལས་ཁུངས་བཞི་ཡིས་ལས་ཁུངས་རང་གི་སྲིད་གཙང་རིག་གནས་ལས་ཁུངས་སུ་སྤེལ་བའི་བྱེད་ཐབས་དང་ཉམས་མྱོང་བཟང་བོ་མཚམས་སྦྱོར་བྱས། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ལས་བྱེད་པའི་ལྟ་སྐུལ་ཁྲུའུ་སོགས་སྲིད་གཙང་རིག་གནས་ལས་ཁུངས་སུ་སྤེལ་བའི་དཔེ་སྟོན་ལས་ཁུངས་བདུན་གྱིས་ཡིག་ཐོག་ནས་ཉམས་མྱོང་བརྗེ་རེས་བྱས།

                                                      མཚོ་སྔོན་གསར་འགྱུར་དྲ་བ་ལས།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/7/16 བལྟ་ཀློག (1708)