ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་ཧུར་ཐག་དང་བརྟན་པོའི་ངང་མཁར་གྲོང་ཅན་དུ་བསྒྱུར་བ་དང་། མཁར་གྲོང་ཅན་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་ཅི་ཐུབ་བྱེད་པ་ཞེས་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་ཏེ། མཁར་གྲོང་ཅན་དུ་བསྒྱུར་བའི་བརྒྱུད་རིམ་ཁྲོད་དུ་གནས་པའི་དཀའ་གནད་སེལ་བ་དང་། མཁར་གྲོང་ཅན་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་ཐད་སྲིད་དོན་བགྲོ་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚོགས་འདུར་ཞུགས་ཏེ་གསུངས་བཤད་གནང་།
རྒྱལ་ཡོངས་སྲིད་གྲོས་ཀྱིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་ཧུར་ཐག་དང་བརྟན་པོའི་ངང་མཁར་གྲོང་ཅན་དུ་བསྒྱུར་བ་དང་། མཁར་གྲོང་ཅན་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་ཅི་ཐུབ་བྱེད་པ་ཞེས་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་ཏེ། མཁར་གྲོང་ཅན་དུ་བསྒྱུར་བའི་བརྒྱུད་རིམ་ཁྲོད་དུ་གནས་པའི་དཀའ་གནད་སེལ་བ་དང་། མཁར་གྲོང་ཅན་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་ཐད་སྲིད་དོན་བགྲོ་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚོགས་འདུར་ཞུགས་ཏེ་གསུངས་བཤད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུར་ཐག་དང་བརྟན་པོའི་ངང་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་ན་མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་དང་། མི་དམངས་མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་མཐུན་རྐྱེན་སྔར་ལས་འཛོམས་པོ་འདོན་སྤྲོད་བྱེད་པ་དང་། ཐོན་ལས་རྨང་གཞིར་འཛིན་པ་རྒྱུན་འཁྱོངས་དང་། ཐོན་ལས་གཅིག་བསྡུས་ཀྱིས་འཕེལ་རྒྱས་སུ་གཏོང་བ་དང་རྣམ་པ་བསྒྱུར་བ། རིམ་པ་ཇེ་མཐོར་བཏང་ནས། ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་པོ་བསྐྲུན་པར་འབད་བརྩོན་བྱེད་རྒྱུ་དང་། འཆར་འགོད་དང་ཚོད་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་དབང་ཤེད་རང་བཞིན་ཇེ་ཆེར་གཏོང་བ་དང་། ལྟ་རྟོག་དང་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་ནས། འཆར་འགོད་ཀྱི་རྒྱང་རིང་བའི་མཛུབ་སྟོན་ནུས་པ་ངེས་པ་དོན་གྱིས་ཇེ་ཆེར་གཏོང་བ། བཅོས་སྒྱུར་ལ་བརྟེན་ནས་ཡར་སྐུལ་གཏོང་བ་རྒྱུན་འཁྱོངས་དང་། འབྲེལ་ཡོད་ལམ་ལུགས་འཛུགས་པ་དང་དེ་འཐུས་ཚང་དུ་བཏང་ནས། མཁར་གྲོང་ཅན་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བར་འཛད་མཐའ་མེད་པའི་སྟོབས་ཤུགས་འདོན་སྤྲོད་བྱེད་པ། མཐུན་སྦྱོར་ངང་གོང་དུ་སྤེལ་བ་རྒྱུན་འཁྱོངས་དང་། བཟོ་ལས་ཅན་དང་ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་བཅས་སུ་བསྒྱུར་བར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། མཁར་གྲོང་ཅན་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་འབད་བརྩོན་བྱེད་དགོས་པ་ནན་གྱིས་བསྟན།
ཞིན་ཧྭ་གསར་འགྱུར་དྲ་བ་ལས།
|