ཡོ་རོབ་གླིང་མནའ་འབྲེལ་གྱིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་དྲག་ཆས་ཚོགས་པ་འཇིགས་སྐུལ་རྩ་འཛུགས་ཀྱི་མིང་ཐོའི་ནང་བཀོད་པ།

    ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་ཚེས་ཉེར་གཉིས་ཉིན་གྲོས་མཐུན་བཀོད་དེ། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་དྲག་ཆས་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་རྩ་འཛུགས་ཀྱི་མིང་ཐོའི་ནང་འགོད་པར་གྲོས་འཆམ་བྱུང་ཡང་། ཡོ་རོབ་གླིང་མནའ་འབྲེལ་དང་ལེ་པཱ་ནུན་གྱི་ཆབ་སྲིད་དང་དཔལ་འབྱོར་འབྲེལ་བ་མུ་མཐུད་དུ་སྲུང་འཛིན་བྱེད་རྒྱུ་རེད།

      ཚོགས་ཡུན་ཉིན་གཅིག་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་པུའུ་ལུའུ་སེར་དུ་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་ཚོགས་པ་དང་། གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གྲོས་ཆོད་ནང་དོན་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲིན་ཀྲུའུ་ཏང་དྲག་ཆས་ཚོགས་པ་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་མིང་ཐོའི་ནང་བཀོད་པའི་ཞོར་དུ་ལེ་པཱ་ནུན་བར་གྱི་སྲིད་ཏང་སོ་སོའི་བར་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་ནན་བཤད་བྱས། དེ་ལས་ཡོ་རོབ་གླིང་མནའ་འབྲེལ་དང་ཀྲིན་ཀྲུའུ་ཏང་ཆབ་སྲིད་རྩ་འཛུགས་བར་གྱི་འབྲེལ་བ་སྲུང་འཛིན་བྱེད་རྒྱུ་ཡིན་པ་དང་། གྲོས་ཆོད་དེ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ལེ་པཱ་ནུན་གྱི་དཔལ་འབྱོར་རོགས་སྐྱོར་ལ་ཤུགས་རྐྱེན་ངན་པ་ཐེབས་མི་སྲིད་པ་མཚོན་ཡོད་ཟེར།

    ལེ་པཱ་ནུན་སྲིད་གཞུང་གིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲིན་ཀྲུའུ་ཏང་འཇིགས་སྐུལ་རིང་ལུགས་རྩ་འཛུགས་ཀྱི་མིང་ཐོའི་ནང་འགོད་མི་རུང་བའི་རེ་བ་བཏོན། གསལ་སྒྲོག་ནང་བཤད་རྒྱུར། ཀྲིན་ཀྲུའུ་ཏང་ནི་ལེ་པཱ་ནུན་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ལེ་པཱ་ནུན་གྱི་ཧྲི་ཡེ་ཕྱོགས་ཁག་གི་རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་ལ། ལེ་པཱ་ནུན་སྲིད་གཞུང་དང་གྲོས་ཁང་དུའང་ལས་གནས་ངེས་ཅན་ཟིན་ཡོད་ཟེར།

                                                      ཞིན་ཧྭ་གསར་འགྱུར་དྲ་བ་ལས།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/7/23 བལྟ་ཀློག (1727)