ཚེས་ཉེར་བདུན་ཉིན་ནི་ཁྲའོ་ཞན་གྱི་འཐབ་འཁྲུག་མཚམས་བཞག་སྟེ་ལོ་ངོ་དྲུག་ཅུ་འགོར་བའི་རྗེས་དྲན་ཉིན་མོ་ཡིན་པ་དང་། འཐབ་འཁྲུག་དེ་ལ་ཁྲའོ་ཞན་དང་ཧན་གོ་རྒྱལ་ཁབ་གཉིས་ལ་འབོད་སྟངས་མི་འདྲ་བ་ཡོད་ལ། ངོ་བོ་མི་འདྲ་བའི་རྗེས་དྲན་མཛད་སྒོ་སྤེལ་རྒྱུ་རེད།
ཚེས་ཉེར་བདུན་ཉིན་ནི་ཁྲའོ་ཞན་གྱི་འཐབ་འཁྲུག་མཚམས་བཞག་སྟེ་ལོ་ངོ་དྲུག་ཅུ་འགོར་བའི་རྗེས་དྲན་ཉིན་མོ་ཡིན་པ་དང་། འཐབ་འཁྲུག་དེ་ལ་ཁྲའོ་ཞན་དང་ཧན་གོ་རྒྱལ་ཁབ་གཉིས་ལ་འབོད་སྟངས་མི་འདྲ་བ་ཡོད་ལ། ངོ་བོ་མི་འདྲ་བའི་རྗེས་དྲན་མཛད་སྒོ་སྤེལ་རྒྱུ་རེད།
ཁྲའོ་ཞན་གྱིས་ཁྲའོ་ཞན་གྱི་འཐབ་འཁྲུག་མཚམས་བཞག་པའི་ཉིན་མོ་དེར་མེས་རྒྱལ་གྱི་བཅིངས་འགྲོལ་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཉིན་མོར་འབོད་པ་དང་། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱི་མེས་རྒྱལ་བཅིངས་འགྲོལ་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དྲུག་ཅུ་འགོར་བའི་སྐབས་སུ། ཅིན་རི་ཁྲིན་བྱ་དགའ་ཐོབ་པའི་སྒྱུ་རྩལ་འཁྲབ་སྟོན་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་པེན་རང་གི་ལྔ་གཅིག་ལུས་རྩལ་ར་བ་ནས་སྤེལ། ཕེའོ་ཧྥུན་ཀྲུའུ་དང་ཅིན་ཅི་ནན། ཚོས་ཐེ་ཧྥུའུ་སོགས་ཁྲའོ་ཞན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དག་གིས་ཕེན་རང་གི་གྲོང་ཁྱེར་སྡོད་དམངས་དང་མཉམ་དུ་འཁྲབ་སྟོན་ལ་བལྟས།
ཁྲའོ་ཞན་གྱི་མེས་རྒྱལ་བཅིངས་འགྲོལ་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཉིན་མོ་དེར། ཁྲའོ་ཞན་གྱིས་ད་རུང་མེས་རྒྱལ་བཅིངས་འགྲོལ་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རྗེས་དྲན་ཁང་ཡང་བསྐྱར་སྒོ་འབྱེད་པའི་མཛད་སྒོ་སྤེལ་རྒྱུ་མ་ཟད། གཞི་རྒྱ་ཆེ་བའི་ཤོག་སྦགས་གཏོང་བའི་བྱ་འགུལ་སྤེལ་རྒྱུུ་རེད། ཁྲའོ་ཞན་གྱིས་ད་རུང་ས་ཁུལ་སོ་སོའི་མི་དམངས་དམག་དཔུང་གི་སྔོན་གཤེགས་དཔའ་བོའི་བང་སོར་ཞིག་གསོ་བྱེད་རྒྱུ་མ་ཟད། མཛེས་རྩལ་འགྲེམ་སྟོན་དང་བརྙན་འཕྲིན་བསྐོར་གཏོང་སོགས་རྗེས་དྲན་བྱ་འགུལ་སྤེལ་རྒྱུ་རེད། བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱི་ས་ཁུལ་སོ་སོའི་དམག་མི་རྒན་པ་དག་ཚེས་ཉེར་གཉིས་ཉིན་མེ་འཁོར་ལ་བསྡད་དེ་ཕེན་རང་དུ་རྗེས་དྲན་བྱ་འགུལ་ལ་ཞུགས་པར་སོང་ཟེར།
ཧན་གོ་དང་ཨ་མེ་རི་ཁས་ཀྱང་ཧན་གོའི་འཐབ་འཁྲུག་མཚམས་བཞག་པའི་ཉིན་མོའི་རྗེས་དྲན་བྱ་འགུལ་ལ་གྲ་སྒྲིག་བྱེད་བཞིན་ཡོད། ཚེས་ཉེར་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཚེས་ཉེར་གཉིས་ཉིན་ཧན་གོའི་ཧྥོ་ཧྲན་ནས་བསྡུས་པའི་མྱ་ངན་ཞུ་བའི་མཛད་སྒོར་ཞུགས་ཏེ། འཐབ་འཁྲུག་ཁྲོད་སྐུ་གཤེགས་པའི་ཕྱི་རྒྱལ་གྱི་དམག་མིར་མྱ་ངན་ཞུས་པར་མ་ཟད། འཐབ་འཁྲུག་དེ་འདྲ་ཡང་བསྐྱར་འབྱུང་དུ་མི་འཇུག་རྒྱུ་ནན་བཤད་བྱས།
ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་སྲིད་གཞུང་གིས་ཚེས་ཉེར་བདུན་ཉིན་ཧྲིག་ཨར་གྱི་འཐབ་འཁྲུག་རྗེས་དྲན་ཁང་ནས་བྱ་འགུལ་སྤེལ་ཏེ། འཐབ་འཁྲུག་མཚམས་བཞག་པའི་ཉིན་མོར་རྗེས་དྲན་བྱེད་རྒྱུ་ཡིན་པ་དང་། ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་སྤྱི་དང་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པ་སོགས་མཐོ་རིམ་དཔོན་པོ་བྱ་འགུལ་ལ་ཞུགས་རྒྱུ་རེད། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡང་ཚེས་ཉེར་བདུན་ཉིན་ཝ་ཧྲིན་ཏོན་གྱིས་གཙོ་སྒྲུབ་བྱས་པའི་འཐབ་འཁྲུག་མཚམས་བཞག་སྟེ་ལོ་ངོ་དྲུག་ཅུ་འགོར་བའི་རྗེས་དྲན་མཛད་སྒོར་ཞུགས་རྒྱུ་མ་ཟད་གཏམ་བཤད་སྤེལ་རྒྱུ་ཡིན་ལ། ཨ་མེ་རི་ཁས་དོན་དེའི་ཐད་མེ་སྒོར་ས་ཡ་གཉིས་བཏང་ཡོད།
ཞིན་ཧྭ་གསར་འགྱུར་དྲ་བ་ལས།
|