ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ཉེར་བཞིའི་ཉིན་དབྱི་ལེ་ནོའུ་དབྱེ་ཀྲིག་གི་ཀའེ་ཨར་སི་པའོ་གྲོང་ཁྱེར་ནས་བཤད་རྒྱུར། ཨ་མེ་རི་ཁའི་དཔལ་འབྱོར་སླར་གསོའི་ཐད་ནས་གྲུབ་འབྲས་བླངས་ཡོད་ཀྱང་། དབུལ་ཕྱུག་བར་ཁྱད་ཆེ་བའི་སྣང་ཚུལ་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས། ཨ་མེ་རི་ཁས་དབུལ་ཕྱུག་གི་བར་ཁྱད་ཆེ་བའི་གནད་དོན་ཐག་གཅོད་བྱས་ཏེ་འབྱོར་འབྲིང་གྲལ་རིམ་གྱི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་ཟེར།
ཨོ་པཱ་མཱ་ཡིས་ཉིན་དེར་ཀའེ་ཨར་སི་པའོ་གྲོང་ཁྱེར་གྱི་ནོའུ་ཁི་སི་སློབ་གླིང་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འདས་པའི་ཟླ་ངོ་བཞི་བཅུའི་ནང་། ཨ་མེ་རི་ཁའི་སྒེར་གཉེར་སྡེ་ཁག་གིས་ལས་ཞུགས་ལས་གནས་ས་ཡ་བདུན་དང་འབུམ་གཉིས་གསར་སྐྲུན་བྱས་པ་དང་། ཨ་མེ་རི་ཁའི་དཔལ་འབྱོར་སླར་གསོའི་རྣམ་པ་དར་རྒྱས་ཆེ་བའི་རྒྱལ་ཁབ་གཞན་པ་དག་ལས་ཅུང་བཟང་ལ། སྔར་ལས་སྟོབས་དང་ལྡན་ཞིང་སྔར་ལས་ཡུན་རིང་བའི་དཔལ་འབྱོར་སླར་གསོའི་ཐད་རྨང་གཞི་འདིང་བཞིན་ཡོད་ཟེར།
ཨོ་པཱ་མཱ་ཡིས་ད་རུང་ཨ་མེ་རི་ཁའི་དཔལ་འབྱོར་སླར་གསོའི་ཐད་ནས་གྲུབ་འབྲས་བླངས་ཏེ་ཀུང་ཟིའི་ཁེ་སྤོགས་དེ་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཚད་དུ་བསླེབ་ཡོད་ཀྱང་། དབུལ་ཕྱུག་གི་བར་ཁྱད་ཆེ་བའི་སྣང་ཚུལ་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ཁས་ལེན་བྱས།
ཞིན་ཧྭ་གསར་འགྱུར་དྲ་བ་ལས།
|