ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་དང་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་གཉིས་ཀྱིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་ཁ་པར་བརྒྱུད་དེ་སྐར་མ་བཞི་བཅུ་ལྷག་གི་རིང་ལ་ཁ་བརྡ་བྱས་པ་དང་། ཁོ་གཉིས་ཀྱིས་སི་རི་ཡ་སྲིད་གཞུང་ལ་ཆད་པ་གཅོད་པའི་ཆོད་སེམས་བསྐྱར་བསྒྲགས་བྱས། འདི་ནི་ཧྥ་རན་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་གཟའ་འཁོར་གཅིག་གིང་ནང་དུ་ཁ་པར་ལས་སི་རི་ཡའི་གནད་དོན་གླེང་ཐེངས་གསུམ་པ་རེད།
ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཨོ་ལང་ཏི་ཡིས་རྫས་འགྱུར་མཚོན་ཆ་བཀོལ་བའི་སི་རི་ཡ་སྲིད་གཞུང་ལ་ངེས་པར་དུ་ཆད་པ་གཅོད་རྒྱུ་ཡིན་པ་བསྐྱར་བསྒྲགས་བྱས་པ་མ་ཟད། ཨོ་པ་མ་ལ་ཁོས་ཟླ་དགུ་བའི་ཚེས་བཞི་ཉིན་ཧྥ་རན་སིའི་རྒྱལ་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་བསྡུས་ཏེ་སི་རི་ཡའི་གནད་དོན་ཐད་ནས་རྩོད་གླེང་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད་ཟེར།
ཨོ་པ་མར་ཁ་པར་བཏང་རྗེས། ཨོ་ལང་ཏི་ཡིས་རྒྱལ་སྲུང་ཚོགས་འདུ་ཆུང་ཆུང་ཞིག་བསྡུས་ཏེ། རྒྱལ་སྤྱིའི་གནས་བབ་དང་། ཧྥ་རན་སིའི་དམག་དོན་གྲ་སྒྲིག ཕྱི་འབྲེལ་གནད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྫས་འགྱུར་མཚོན་ཆའི་རྟོག་ཞིབ་ཚན་ཆུང་གི་བྱ་བ་བཅས་ལ་ཞིབ་འཇུག་བྱས་པ་དང་། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ཧྥ་པེ་ཡུག་སི་ཡིས་འབྲེལ་ཡོད་གནས་བབ་ཡར་ཞུ་བྱས་ཟེར།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།
|