༡ རང་གིས་རང་ལད་ཀ་མ་འཇུག གཞན་ངན་རུང་རང་ལ་མི་གནོད། གཞན་སྐྱོན་ཞིག་བཙལ་ནས་འདུག་རྒྱུ་དེའི་ཐུ་བའི་སྐྱོན་ཞིག་ཆོས་འཇིག་རྟེན་གཉིས་ཀའི་ལུགས་ལ་མེད། གཞན་སྐྱོན་མ་ཡིན་རང་སྐྱོན་ཡིན།
༢ རབ་ཀྱིས་ཡུལ་ཁམས་སྡེ་འབངས་ཀུན་གྱི་སྤྱི་ཡི་དོན་བྱེད་བཞིན་རང་དོན་ཞོར་འབྱུང་དུ་འགྲུབ།
འབྲིང་གིས་གཞན་ལ་མི་གནོད་བཞིན་རང་དོན་སྨོན་རྒྱུ་ཞིག་འགྲུབ།
ཐ་མས་གཞན་ལ་གནོད་སྐྱེལ་བཞིན་རང་དོན་ཁོ་ན་སྒྲུབ་པ་ཡིན།
༣ ཕུ་ནུ་ནང་འཛིང་བྱུང་ན་ཁྲེལ་མེད་རྒྱལ། བཟའ་ཚང་ནང་འཛིང་བྱུང་ན་ནག་མོ་རྒྱལ།
༤ མྱུར་དུ་དགའ་སྡུག་མ་སྔ། གཏམ་གོ་ཚད་དྲན་ཚད་མ་བཤད། གཏམ་དྲན་ཚད་བཤད་ན་སྨྱོན་པ་ཡིན། ཟས་ཅི་རིག་ཟོས་ན་ཁྱི་ཕག་ཡིན། བྱ་བ་གང་དྲན་བསྒྲུབ་ན་མགོ་སྟོང་ཡིན།
༥ བཤད་ཚད་བདེན་དུ་མ་འཛིན། གནོད་ཚད་དགྲ་རུ་མ་ལྟ།
༦ མྱི་ལུགས་ཐམས་བཅད་གཙོ་བོ་ཚུར་བསྡུ་ན། རྒྱུད་འཇམ་པ་དང་གཅིག ཚོད་ཟིན་པ་དང་གཉིས། ཁོག་ཡངས་པ་ཚུགས་ཐུབ་དང་གསུམ། བརྟགས་དཔྱད་མཁས་པ་དང་བཞི། ཐམས་ཅད་ཀུན་ལ་ཕན་སེམས་དྲངས་པོས་ཟིན་པ་དང་ལྔ་བོ་ལ་ཐམས་ཅད་འདུས་ཡོད།
|