ཞི་ཅིན་ཕེན་གྱིས་དུས་བཅད་ལྟར་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་ཁ་པར་བཏང་བ། |
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཉིས་ཉིན་དུས་བཅད་ལྟར་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་ཁ་པར་བཏང་།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་ནན་བར་དུ་འབྲེལ་བ་བཙུགས་ནས་ལོ་ཞེ་བཞིའི་རིང་ལ་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་འབྲེལ་བ་མུ་མཐུད་དུ་སྲ་བརྟན་དང་འཕེལ་རྒྱས་སུ་སོང་བ་དང་། ན་ནིང་གི་རྗེས་སུ་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་དེ་ནི་ཧ་ཅང་དགའ་འོས་པའི་དོན་དག་ཅིག་རེད་ཟེར།
རོན་ཧྥུའུ་ཀྲུང་གིས་བཤད་རྒྱུར། ཡོ་ནན་ཕྱོགས་ཀྱིས་ཡོ་ནན་དང་ཀྲུང་གོའི་བར་གྱི་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་མི་དམངས་བར་གྱི་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་བཏང་ནས། ཡོ་ནན་དང་ཀྲུང་གོའི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། |
རྩོམ་སྒྲིག་པ། གསང་བདག |
སྤེལ་དུས། 2014/1/23 |
བལྟ་ཀློག (1668) |
|
|
|
|