ཁཱ་ནཱ་ཏཱའི་རྒན་གསོའི་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར་བ།

མེ་སྐྱོན་བྱུང་སར་མེ་གསོད་མི་སྣས་རྒུད་སྐྱོབ་བྱ་བ་སྤེལ་བཞིན་པ།

       ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ཁཱ་ནཱ་ཏཱའི་ཁོས་པེ་ཁི་ཞིང་ཆེན་ཤར་ངོས་ཀྱི་ལེ་ལི་ཝེ་ཨར་ཐི་གྲོང་རྡལ་གྱི་རྒན་གསོ་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ། འགྲོ་འདུག་ལ་སྟབས་མི་བདེ་བའི་རྒན་རྒོན་མང་བོར་འཇིགས་ཉེན་ཐེབས། རླུང་ཆེན་གྱི་དབང་གིས་མེ་ཤུགས་ཇེ་ཆེར་སོང་བ་དང་། ནམ་ཟླ་འཁྱག་པའི་དབང་གིས་མེ་གསོད་པར་དཀའ་ཁག་ཆེན་པོ་བཟོས། ཉེན་རྟོག་ཕྱོགས་ཀྱིས་བདེན་དཔང་བྱས་པ་ལྟར་ན། ཚེས་ཉེར་གསུམ་ཉིན་གྱི་དགོང་མོའི་བར་རྒན་གསོ་ཁང་གི་མེ་སྐྱོན་དེ་ལས་ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུ་ལྷག་གར་སོང་རྙེད་མེད། རྒྱུས་ལོན་བྱུང་བ་ལྟར་ན། རྒན་གསོ་ཁང་དེར་ཁང་མིག་ང་གཉིས་ཡོད་པ་དང་། ལོ་ལོན་ལྔ་བཅུ་ནས་དྲུག་ཅུ་ཙམ་ཡོད།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/1/25 བལྟ་ཀློག (1715)