ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མྱུར་སྐྱོབ་བཀོད་འདོམ་ལྟེ་གནས་ནས་ཀྲུང་གོའི་འཚོལ་ཞིབ་གྲུ་དཔོན་ལ་ཁ་པར་བཏང་བ། |
ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་བཅོ་ལྔའི་སྟེང་ཙུང་ལི་ལིས་ཁི་ཆང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུ་གྲོལ་བའི་མཛད་སྒོར་ཞུགས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་མྱུར་སྐྱོབ་བཀོད་འདོམ་ལྟེ་གནས་ལ་ཕེབས་ནས། གནམ་གྲུ་འཚོལ་ཞིབ་ཀྱི་ལས་ལ་ཞུགས་བཞིན་པའི་ཀྲུང་གོའི་འཚོལ་ཞིབ་གྲུ་དཔོན་ལ་ཁ་པར་བཏང་སྟེ། མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་ཞིབ་བྱས་པའི་མིག་སྔར་གྱི་གནས་ཚུལ་འཕེལ་རིམ་ལ་རྒྱུས་ལོན་བྱས། ལིས་ཁི་ཆང་གིས་འབྲེལ་ཡོད་སྡེ་ཁག་སོ་སོས་ནུས་ཤུགས་ཡོད་ཚད་ཕྱོགས་གཅིག་ཏུ་བསྡུས་ནས་གནམ་གྲུ་འཚོལ་ཞིབ་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་རེ་བ་ཉག་གཅིག་ཀྱང་སྟོང་ཟད་དུ་གཏོང་མི་རུང་བའི་རེ་བ་བཏོན། ཀྲང་ཀའོ་ལིས་དང་མ་ཁའེ། ཡང་ཅིན་བཅས་མཉམ་དུ་ཁ་པར་གཏོང་བའི་བྱ་འགུལ་ལ་ཞུགས། |
རྩོམ་སྒྲིག་པ། གསང་བདག |
སྤེལ་དུས། 2014/3/13 |
བལྟ་ཀློག (1707) |
|
|
|
|