ཟླ་བཞི་བའི་ཚེས་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པའི་ཞོར་དུ་བཟོ་ལས་དང་ལག་རྩལ་གསར་བ་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་མཁན་དབྱི་ཞེ་ཁི་ཧྲེ་ཧྥུའུ་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་གསུམ་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པའི་ཞོར་དུ་བཟོ་ལས་དང་ལག་རྩལ་གསར་བ་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་མཁན་དབྱི་ཞེ་ཁི་ཧྲེ་ཧྥུའུ་ལ་མཇལ་འཕྲད་གནང་།
ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཧ་སག་སི་ཐན་ནི་ཀྲུང་གོའི་ཁྱིམ་མཚེས་བཟང་བོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་གལ་ཆེན་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་མཐའ་འཁོར་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་གཙོ་བོར་བརྩི་བ་དང་། ཧ་སག་སི་ཐན་ཕྱོགས་དེ་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ཡོད་ཟེར།
ཀྲང་ཀའོ་ལིས་ཀྱིས་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། ནུས་ཁུངས་དང་ཕན་ཚུན་འབྲེལ་འདྲིས། དངུལ་གཏོང་། ཞིང་ལས། དངུལ་ལོར། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མི་སྣའི་འགྲོ་འོང་སྟབས་བདེ་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་དགོས་པའི་རེ་བ་བཏོན།
དབྱི་ཞི་ཁི་ཧྲེ་ཧྥུའུ་ཡིས་གསུངས་རྒྱུར། ཀྲུང་གོ་ནི་ཧ་སག་སི་ཐན་གྱི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོ་ཆེས་གལ་ཆེན་ཞིག་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཧ་སག་སི་ཐན་དང་ཀྲུང་གོ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཉམས་མྱོང་ལྡན་པའི་ཕན་འབྲས་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་སུ་བཏང་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།
|