ངག་དབང་བསྟན་འཛིན།།
ཁ་སང་བོད་པ་ཚང་ནས།།
སྐྱེས་ཆེན་གཞན་ལ་ཕེབས་སོང།།
བོད་པའི་བདེ་སྡུག་འདི་ལ།།
བསམ་བློ་གཏོང་མཁན་མི་འདུག།
མཚན་ཉིད་སྨྲ་བའི་ཁྱུ་མཆོག།
མི་ཡུལ་འདི་ནས་བྲལ་སོང།།
རྗེས་དྲན་མིག་ཆུས་ཐིག་པ།།
ཁྱེད་ཀྱིས་ཕྱོགས་སུ་ཤོར་སོང།།
ནམ་མཁའི་རྟ་བདུན་དབང་བོ།།
རེ་ཞིག་ནུབ་རི་ཡལ་སོང།།
སླར་ཡང་ཤར་གྱི་ཕྱོགས་ནས།།
ཕེབས་རྒྱུ་རེ་ལྟོས་བྱས་ཡོད།།
|