འབྲི་ཆུ་དང་ལྷན་དུ།

                                                       ནས།༼རྨ་ཆུ༽

ཚོར་བའི་གྲུ་ཟུར་ཞིག་ནས

ཁྱོད་དང་ལྷན་དུ་རྒྱང་རིང་ཞིག་ལ་ཧད

ཚོར་བའི་གཏིང་མཐའ་ཞིག་ནས

ཁྱོད་དང་མཉམ་དུ་ངལ་དུབ་སེལ


རྒྱང་རིང་གི་མཐོང་སྣང་མོག་མོག

ཁྱོད་ཀྱི་རླབས་སྒྲ་ལ་འཇུས་དུས

ང་ནི་ཁྱོད་ཀྱི་གཅེས་བར་འོས་བའི་མགྲོན་པོ་ལ་བརྩི་སམ


ཁྱོད་ནི་ངའི་ཚོར་བའི་ཀློང་གི

ཆགས་རིམ་གྲུ་བཞི་དེ་ཡིན་པར་འོས

ངས་ནམ་རྒྱུན་ཁྱོད་ཀྱི་རླབས་རིས་ལ་ལྟས་ནས་འདུག


རླབས་སྒྲ་ཞིག་ངའི་སེམས་ནང་དུ་འཛུལ་དུས

ཁྱོད་ནི་དགའ་མ་ཟེར་བའི་དྲན་རྟགས་དེ་ཡིན་པར་སྣང

སྙིང་ཉེ་ཟེར་བཞིན་འཕྲིན་པ་མང་ཙམ་ཞིག་བྲིས་ན་ཆོག


                ༢༠༡༤ལོའི་ཟླ་༤པའི་ཚེས་༤ ཉིན་འབྲི་ཆུའི་འགྲམ་ངོགས་སུ་སྦྱར།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/4/13 བལྟ་ཀློག (1631)