བརྩེ་བའི་སྒོ་མོ་ཕྱེས་ཤིག

                                                 ལྡོག་འཆར།༼རྨ་ཆུ།༽
དྲན་པ་ནས་དྲན་པ་བརྒྱུས་ཏེ།།
རྒྱབ་གཟུཊ་ཤིག་ཞེ་ལ་ཐོགས་ཡོང་།།
གནག་སྣུམ་གྱི་སྐྲ་ལོ་དེ་ཡང་།།
སྣུམ་ཤིག་སེ་མིག་ལ་འཁོར་ཡོང་།།

ཁྲ་མ་ནས་ཁྲ་མར་བལྟས་ཏེ།།
མི་ཚོགས་ནས་མི་ཚོགས་བརྒྱུད་དེ།།
དྲན་པ་ཡི་རྩེ་མོ་བཙལ་དུས།།
དགོད་སྒྲ་ཞིག་ག་ལེར་ཐོས་ཡོང་།།

མྱི་ཁ་ནས་མྱི་ཁ་བརྒལ་ཏེ།།
གཏམ་ཡན་ནས་གཏམ་ཡན་བརྟོལ་ཏེ།།
མི་ཚོགས་ནས་སྐད་འབོད་གཏོང་དུས།།
ཟུར་ཉན་གྱི་གྲིབ་རིས་གསལ་ཡོང་།།

འཕྲིན་པ་ལ་འཕྲིན་པ་བརྩེགས་ཏེ།།
སེམས་པ་ལ་སེམས་པ་གླན་དུས།།
ཨ་ལན་གྱི་ཚིག་གཤིས་འཇམ་པོས།།
ཡ་ཁོག་གི་འཚེར་སྣང་གཞོམ་ཡོང་།།

ཉི་མ་ནས་ཟླ་བ་བརྩིས་ཏེ།།
ཟླ་བ་ལ་ལོ་གྲངས་བཞག་ནས།།
མཐའ་མ་ཡི་ལས་ཀྱི་རི་མོར།།
རླངས་པ་རུ་མེད་ན་བསམ་ཡོད།།
                             ༢༠༡༤/༠༣/༢༥ཉིན།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/4/23 བལྟ་ཀློག (1515)