དེ་རིང་གི་ཨ་ཅེ་ཚོ།

ཨ་ཡིག་མང་སའི་བོད་ལ་བལྟས་ཏེ།།

ཨ་མདོའི་ཞི་ལིས་མཐོང་ཐོས་གླེང་ན།།

ཨ་ཕ་ཨ་མའི་རྔུལ་ཁྲག་ཡིན་པས།།

ཨ་འཇོག་ལྟ་བུའི་འབོལ་གདན་སྟེང་གི།

ཨ་ཅེ་སྲས་མོས་འོ་ལོ་པང་དེ།།

ཨ་རོགས་ཤིག་ལ་ཁ་པར་གཏོང་གིན།།

ཨ་ཕ་ཨ་མ་རྒྱང་སྒྱུར་བཀོལ་བཀོལ།།

ཨ་ཅེའི་སེམས་པ་གློག་རྡེའུ་མིན་ན།།

ཨ་ཕ་ཨ་མ་གློག་མྱི་མ་རེད།།

ཨ་ཅེ་ལོ་ལོ་མིག་ཆུ་འབྱིན་རོགས།།

                     02-04-2011 


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/4/24 བལྟ་ཀློག (1557)