ང་དང་ས་རྡུལ།

                                                  ཧ་སྲས་སྤྲིན་ཆར། 
ས་རྡུལ་དག་ངའི་ཁོར་ཡུག་ལ་ཆགས་བྱུང
ང་ནི་ས་རྡུལ་གྱི་དབང་བོ་སོ་སོར་འཐུམས

ནམ་རྒྱུན་མཚམས་མི་ཆད་པར་འབབ་པའི་ཆར་བས
ང་དང་ས་རྡུལ་དག་གཙང་གསེལ་བྱས་སོང

ས་རྡུལ་དག་ད་དུང་ཆགས་རྒྱུ་ཟེར
ང་ཡང་ས་རྡུལ་གྱི་གྲིབ་མ་གཞན་ཞིག་ཡིན་ངེས་སོ

ང་ནི་དཔེ་དེབ་དང་དྲྭ་ལམ་དུ་ཆགས་པའི་ས་རྡུལ་ཞིག
ས་རྡུལ་དག་འཛམ་གླིང་གི་ཡུལ་གཞུང་དུ་ཆགས་རྒྱུ་རེེད
ང་ཡང་དེ་དང་དེ་བཞིན་ནོ
               ༢༠༡༤      ༤       ༢༣  


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/4/27 བལྟ་ཀློག (1527)