ཁ་བྱང་བོར་བའི་དོ་ནུབ།

                                 བཱེ་མིག་གམ་མིག་བརྩེ་རུད་འབོད་པས།

དོ་ཞག་རྨི་ལམ་འཁྲུལ་བས།།
གཟིམས་མལ་བདེ་བ་མ་བྱུང་།།
དོ་ཞག་བྱམས་པ་དྲན་པས།།
དྲན་གདུང་མིག་ཆུ་འཐོར་སོང་།།

དོ་ནུབ་ཟླ་བ་མེད་པས།།
དོར་མའི་མགོ་འཇུག་མ་ཤེས།།
དོ་ནུབ་གསུང་གླེང་བྱས་པས།།
གསང་གཏམ་རླུང་གིས་ཁུར་སོང་།།

ཁ་སང་ཁ་བ་མཐུག་པས།།
ནང་སེམས་འཁྱགས་པས་བསྡམ་བྱུང་།།
ཁ་སང་ཆར་ཆུ་མོད་པས།།
ཕྱི་ནང་ཆར་བས་བརླན་བྱུང་།།

དེ་རིང་ཀི་ཅོ་རྒོད་པས།།
གཡམ་རྒྱུགས་ནད་ཀྱི་སྤྲས་བྱུང་།།
དེ་རིང་རིགས་ཞེན་གླེང་བས།།
གཅེས་བའི་རང་སྲོག་ཤོར་སོང་།།

       ཐ་གྲལ་བའི་དེ་རིང་འདི་ལྟར་བྲིས་བྱུང་སྙན་ངག་ཡིན་མིན་མ་ཤེས་ང་ཚོར་བ་ཟབ་མོ་ཞིག་བྱིན་བྱུང་།

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/5/19 བལྟ་ཀློག (1647)