ཞི་ཅིན་ཕེན་གྱིས་ཨེ་ཤ་ཡའི་ཕན་ཚུན་མཉམ་ལས་དང་ཡིད་ཆེས་བྱེད་ཐབས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་རྒྱལ་ཁབ་སོ་སོའི་སྐུ་མགྲོན་ལ་དགའ་བསུ་ཞུས།

ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧྲང་ཧེ་རྒྱལ་སྤྱི་གྲོས་ཚོགས་ལྟེ་གནས་ནས་གསོལ་སྟོན་བཤམས་ཏེ། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་ཨེ་ཤ་ཡའི་ཕན་ཚུན་མཉམ་ལས་དང་ཡིད་ཆེས་བྱེད་ཐབས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་རྒྱལ་ཁབ་སོ་སོའི་སྐུ་མགྲོན་ལ་དགའ་བསུ་ཞུས། པར་འདི་ནི་ཞི་ཅིན་ཕེན་དང་ཕུན་ལིས་ཡོན་གཉིས་སྐུ་མགྲོན་རྣམས་དང་མཉམ་དུ་གསོལ་སྟོན་ཚོམས་ཁང་དུ་ཕེབས་པའི་ཚུལ་རེད། 
 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཧྲང་ཧེ་རྒྱལ་སྤྱི་གྲོས་ཚོགས་ལྟེ་གནས་ནས་གསོལ་སྟོན་བཤམས་ཏེ། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་ཨེ་ཤ་ཡའི་ཕན་ཚུན་མཉམ་ལས་དང་ཡིད་ཆེས་བྱེད་ཐབས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་རྒྱལ་ཁབ་སོ་སོའི་སྐུ་མགྲོན་ལ་དགའ་བསུ་ཞུས།

དགོང་མོར། ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་རྒྱལ་སྤྱིི་གྲོས་ཚོགས་ལྟེ་གནས་ཀྱི་ཧྭ་ཞ་ཚོམས་ཁང་དུ་ཕེབས་ཏེ་གྲོས་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་དང་རྒྱལ་སྤྱི་རྩ་འཛུགས་ཀྱི་མགོ་ཁྲིད་པ་དང་འཐུས་མི་བཟའ་ཟླར་བསུ་བ་ཞུས་པར་མ་ཟད། ཁོ་ཚོ་དང་ཕྱག་འཇུ་མཛད་དེ་ཕན་ཚུན་ལ་འཚམས་འདྲི་ཞུས།

ཞི་ཅིན་ཕེན་གྱིས་གསོལ་སྟོན་སྟེང་ཞུ་ཚིག་ཕུལ། ཁོང་གིས་གསུངས་རྒྱུར། དེ་རིང་གི་ཨེ་ཤ་ཡ་ནི་འཛམ་གླིང་གི་གསར་དར་ཚོང་རའི་དཔལ་འབྱོར་ཚོགས་པ་གཙོ་བོའི་ཕུང་བོ་ཞིག་ཡིན་ལ། ལམ་ལུགས་མི་གཅིག་པའི་གསར་བཅོས་གསར་སྐྲུན་དང་རིག་གནས་མི་གཅིག་པའི་རྒྱལ་ཁབ་ཀྱིས་ཕན་ཚུན་དཔྱད་གཞིར་འཛིན་པའི་སྔོན་སྐྱོད་ས་ཁུལ་ཞིག་ཀྱང་ཡིན། ཨེ་ཤ་ཡ་དར་རྒྱས་སུ་འགྲོ་བ་དེ་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་མིའི་རིགས་དཔལ་ཡོན་དང་ཡར་ཐོན་ཡོང་བའི་སྟོབས་ཤུགས་གཙོ་བོ་ཞིག་ཏུ་བསྒྱུར་ཡོད། ཨེ་ཤ་ཡའི་རྒྱལ་ཁབ་སོ་སོས་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་གཅེས་སྤྲས་དང་དམ་འཛིན་བྱེད་པ་དང་། ལག་གདང་སྦྲེལ་ཏེ་ཨེ་ཤ་ཡའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོར་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། རང་ཉིད་འཕེལ་རྒྱས་སུ་བཏང་བའི་དུས་མཉམ་དུ། ཨེ་ཤ་ཡ་ཡོངས་ཀྱི་མཐུན་སྒྲིལ་དང་མཉམ་ལས། འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ། རང་ཉིད་ལ་དབང་བའི་གཟི་བརྗིད་སྔ་མོ་ནས་མངོན་འགྱུར་བྱེད་དགོས་ཟེར།

དགའ་བསུ་ཞུ་བའི་གསོལ་སྟོན་མཇུག་རྫོགས་རྗེས། མཐུན་སྒྲིལ་དང་འཆམ་མཐུན་གྱི་ཨེ་ཤ་ཡ་ཞེས་པའི་ཨེ་ཤ་ཡའི་ཕན་ཚུན་མཉམ་ལས་དང་ཡིད་ཆེས་བྱེད་ཐབས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་བཞི་བའི་རིག་རྩལ་དགོང་ཚོགས་ཧྲང་ཧེ་ཟློས་གར་ཁང་ཆེན་མོའི་ནང་བསྡུས། 


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/5/22 བལྟ་ཀློག (1710)