འཕྲིན་སྡོམ།

               རྨ་ཁེར་ཉལ།

                                  གྲོགས་དམ་པ་སངས་ཆུང་ལ།


མིག་གིས་ཁྱེད་ལ་ལྟ་བཞིན༎

མིག་ཆུས་ཁྱེད་ཉིད་འབྲི་བཞིན༎

སེམས་པས་ཁྱེད་ཉིད་གླེང་བཞིན༎

ཤུགས་རིང་རླུང་ལ་བསྐུར་ཡོད༎

མི་ཚེ་རླུང་ཁའི་མར་མེ༎

མི་རིང་གཟིམ་རྒྱུ་ཡིན་པས༎

བརྩེ་ལྡན་སྙིང་གི་གྲོགས་ལ༎

མྱུར་དུ་མཇལ་ན་བསམ་བྱུང་༎

འབྲས་རྟགས་མེད་པའི་འཁོར་བར༎

ཉིན་མཚན་མེད་པར་འབད་ཀྱང་༎

འཆི་བའི་ནངས་མོ་མ་གཏོགས༎

འགྲུབ་རྒྱུ་ཡོད་ཚོད་མ་རེད༎  

གྲོགས་ལ་མཇལ་འདུན་ཡོད་ན༎

ལོ་འཁོར་ལོ་གཉིས་ནང་ལ༎

ཨ་རིའི་སྲིད་བློན་ཡིན་ཡང་༎

ཉིན་གཅིག་རང་ལ་ལེ་དབང་༎

ལོ་གསུམ་ཕ་མའི་གཅེས་ལོའི༎

འཁྱར་འཁྱོར་གོམ་པས་འགྲོས་ལྟར༎

དྲན་ཚུལ་འཕྲིན་དུ་བསྐུར་ཡང་༎

མངོན་གསུམ་མཇལ་རྒྱུ་མ་བྱུང་།། 

འདི་འདྲའི་དུས་ཚོད་འོག་ནས༎

ཁེར་རྐྱང་མི་ཚེའི་སྣང་བ༎

བདག་སེམས་སྐྱོ་བའི་ངང་ནས།།

འདི་ལྟར་ཡི་གེར་བརྒྱུས་སོ།།

                     ༢༠༠༩ ༩ ༤


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/5/22 བལྟ་ཀློག (1584)