ཞེན་ཆགས།

འཇང་ཚ་འཁྱམ་པོ།


ཉི་ཟེར་གྱིས་དཀྲོག་པའི་དུད་ཞགས་

སྨུག་སྤྲིན་ལ་དམ་གྱིས་འཁྱུད་ཅིང་

ལྷིང་འཇགས་ཀྱི་རི་གྲོང་འདིའི་ཚེ་སྲོག་བསླངས།


དགུན་གཞུང་ལ་ཞེད་སྣང་མ་ཡལ་བའི་

དཔྱིད་རླུང་

དལ་གྱིས་ལྡང་

རྙིད་པའི་འཁྱམ་པོའི་སེམས་ལ་

དྲོད་གཤེར་ཞིག་ཁུ་སིམ་མེར་ཐོབ།



བཞུད་ཟིན་པའི་རྐང་རྗེས་རེ་ན་

དན་རྟགས་ཀྱི་མྱུ་གུ་འབུས་པ་

རྨི་ལམ་དུ་མངོན་ཏེ་

ལྕགས་ནག་གི་ཐག་སྒྲོག་ཧ་ཅང་བཙན།



ཚེ་སྲོག་ལ་ཆིག་ཤད་འབྲི་དུས་

ངའང་།    ཕ་ཡུལ་གྱི་དུད་ཞགས་དེ་ཡིན་པར་སྨོན།

སྨུག་སྤྲིན་དང་ལྷན་དུ་

ཕ་ཡུལ་གྱི་རྩྭ་ཐང་ལ་འཐིམ་ཆོག


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/6/2 བལྟ་ཀློག (1635)