རྨ་ཁེར་ཉལ།
གྲོགས་པོ་ཞིག་གིས་ཇ་ཁང་ནས་བུད་མེད་ཅིག་ལ་ཀུ་རེ་བརྩེས་ཚུལ་བཤད་པས།
ཀ་ར་ཁྱོད་ཀྱི་ཚིག་རེད༎
ཁ་བཏགས་ང་ཡི་སེམས་རེད༎
ག་ཚོའི་དབྱེན་ལ་མ་ཉན༎
ང་དང་མཉམ་དུ་འགྲོ་རེད༎
ཅ་ནེ་ཚིག་ཇའི་བཀང་ཏེ༎
ཆ་མེད་ང་ལ་གཏད་པ།།
ཇ་རིན་ཆེད་དུ་མིན་ན༎
ཉྭ་རྒྱུས་གློད་དང་ཆོག་གི༎
ཏ་རེ་སྒྲོལ་མ་མིན་ཡང་༎
ཐ་དད་ཚིག་གི་མེ་ཏོག།
ད་ལྟ་ཕུད་ན་འདོད་ཀི༎
ན་བཟུར་ཨ་ཅེས་ཅི་འདོད༎
པ་ལོ་མ་ལོའི་བརྩེ་སྲོལ།།
ཕ་དཔེ་བུ་ཡིས་བསྒྱུར་བ༎
བ་གམ་ཐོག་ཁང་བདག་མོའི༎
མ་རབ་མར་སོང་མ་ཟེར༎
ཙ་གི་ཙིག་གེ་ཟེར་ཡང་༎
ཚ་བ་རྒྱས་སེ་མི་གཏོང་༎
ཛ་དྲག་འཁྲིག་པའི་རྗེས་ན༎
ཝ་ཕྲུག་མེད་ན་ཁུར་མེད༎
ཞ་ཉེའི་གྲུབ་པ་མིན་ཡང་༎
ཟྭ་ལྕགས་ཡོང་ས་ང་མིན༎
འ་འུར་ངང་གི་ཨ་ཅེས༎
ཡ་མཚན་ང་ལ་མ་ལྟ༎
རྭ་རྒན་བྲག་གི་ཡིན་པས།།
ལ་སྐེད་ཡུ་མོའི་གྲོགས་མིན༎
ཤ་དྲོད་སེམས་དྲོད་སྟོན་ཕྱིར༎
ས་འདིར་ཉལ་དགོས་མ་ཟེར༎
ཧ་ཆ་གཞན་གྱིས་བརྒྱབ་བྱུང་༎
ཧ་ནེ་ཧོན་ནེ་མ་འདུག།
ཨ་ལ་ཀུ་རེ་མིན་ན༎
ཨ་ཅེས་སེམས་མ་འཛིན༎
༢༠༡༠ ༡༠ ༢༡ ལ།
|