བུ་མོ་མཆོད་པ།

                                 རྨ་ཁེར་ཉལ།

ཀ་མད་སུམ་ཅུའི་རྒྱུན་འཛིན་མ།།

ཁ་ལས་དགེ་བའི་གཅེས་ཕྲུག་མ།།

ག་ས་གང་ན་སྙན་འབར་མ།།

ང་ཅག་བོད་པའི་ཁྱིམ་བདག་མ།།


ཅ་ཅོ་སྨྲ་བ་རྒྱུན་བཅད་མ།།

ཆ་ལུགས་གོམས་སྲོལ་རབ་བཟང་མ།།

ཇ་མར་ཟས་སོགས་སྤྱོད་ཤེས་མ།། 

ཉ་མོ་འཁྱུག་འདྲའི་རིག་མྱུར་མ།།


ཏ་ཐཱའི་བསྟན་ལ་རབ་དད་མ།། 

ཐ་ཤལ་སྤྱོད་པ་རབ་སྤོངས་མ།།

ད་ལྟ་སློབ་རའི་བཟང་གསུམ་མ།།

ན་མཉམ་བུ་མོའི་རྩེར་འཇོ་མ།།


པ་སངས་མདོག་ལྟར་བློ་དཀར་མ།། 

ཕ་མ་ལ་སོགས་གོང་བཀུར་མ།།

བ་གླང་སྤྱོད་པ་བློའི་དོར་མ།། 

མ་འོངས་བྷོད་ཀྱི་ཡུམ་མཆོག་མ།།


ཙ་རིའི་སྨྱུག་ལྟར་ལུས་ཕྲ་མ།། 

ཚ་དཀར་ལུས་ལ་རབ་མཛེས་མ།།

ཛ་ལུང་ཁྲོད་ཀྱི་གཞོན་ནུ་མ།། 

ཝ་ལེར་ཤེས་བྱ་ཀུན་རྟོགས་མ།།


ཞྭ་སེར་བསྟན་པའི་སྦྱིན་བདག་མ།། 

ཟ་ཟའི་ཚིག་ངན་མི་འབྱིན་མ།།

འ་རི་འུ་རི་མི་བྱེད་མ།།

ཡ་རབ་བུ་མོའི་མཚན་འཆང་མ།།



ར་བ་གངས་ཀྱི་གངས་བུ་མ།། 

ལྭ་བ་གཞན་དུ་མི་སྒྱུར་མ།།

ཤ་ཆང་ལ་སོགས་ཉུང་སྤྱོད་མ།། 

ས་སྟེང་བུ་མོའི་མིག་དཔེ་མ།།


ཧ་ལམ་ཚན་རྩལ་ཕྱོགས་སྐྱོད་མ།། 

ཧ་ཅིང་དགའ་སོང་སྙིང་སྡུག་མ།།

ཨ་མ་སྒྲོལ་མའི་གཅེས་ཕྲུག་མ།།

ཨ་མཚར་མིན་ནོ་རིག་བཟང་མ།།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/6/13 བལྟ་ཀློག (1580)