སྤོས་དང་ཐ་མག

                                         འཇང་ཚ་འཁྱམ་པོ།

བྲེལ་ཚུབ་ཀྱི་བྱ་བའི་དྲག་རླུང་ཞིག་ལྡང་ཤུལ་ནས་
ངས་ཁོམ་ལོང་ཞིག་བཙལ་ཏེ་ངལ་གསོ་བྱེད་འདོད
ངལ་གསོ་རུ་ཉམས་སུ་མྱོང་ངེས་པ་ནི་
སྤོར་ཐུར་ཞིག་མེ་ཡིས་བསྒོས་པ་དེ་ཡིན།
དེ་དང་ལྷན་དུ་
ཐ་མག་ཅིག་གི་ཚེ་མཇུག་བསྒྲིལ་ན་སྐྱིད་པོ་རེད།

སྤོས་ཐུར་གྱིས་འཆར་ཡན་སྟེར་བའི་
སྒེག་ཉམས་སྣ་ཚོགས་སྟེར་ལ
རེས་མཐུད་རེས་ཆད་ཀྱི་དཔའ་བོའི་རྟོགས་བརྗོད་དང་
རྡུལ་དུ་ལུས་པའི་
བཙན་པོའི་བང་སོ་འཁྲབ་བཞིན་ཡོད།
མིན་  དོན་དུ་  
སྤོས་ཐུར་གྱིས་ལུས་པའི་ཐལ་རྡུལ་དེ་ཡིན་ངེས།

ཐ་མག་གིས་དོན་ལྔར་བཙན་འཛུལ་བྱས་ན་
ངས་རྒྱལ་ཁ་ལོན་ཚུལ་གྱིས་
སྣ་ཁུང་ཟུང་ལས་ཤུགས་ཀྱིས་ཕྱི་རུ་འབྱིན་སྲིད་པ་མ་ཚད།
ཐལ་རྡུལ་གང་གོང་མཛུབ་ཀྱིས་སྙིགས་ལུད་དུ་གཏུལ་ངེས།
དེ་ལྟར་ཚེ་
ངས་སང་ཉིན་གྱི་ལོ་རྒྱུས་ཤིག་བརྙན་ལམ་དུ་བརྒྱུད་པ་ལྟར་
མིག་ལམ་དུ་འཆར་ཐུབ།

ཕུགས་འདུན་དང་རྩོད་ཡུལ་ཙམ་དུ་ཟད་ཀྱང་་་་

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/6/21 བལྟ་ཀློག (1705)