རྔ་བའི་ཡར་འཕེལ་བོད་སྤོས་ངོ་སྤྲོད་མདོར་བསྡུས།

    ༄། །རྔ་བ་རྫོང་ཡར་འཕེལ་བོད་སྤོས་ཚད་ཡོད་སྤྱི་གཉེར་ཁང་ངོ་སྤྲོད་མདོར་བསྡུས།
རྔ་བ་ཡར་འཕེལ་བོད་སྤོས་བཟོ་ཚད་ཡོད་སྤྱི་གཉེར་ཁང་ནི་གངས་ལྗོངས་ཚོང་ལས་ཀྱི་ལྟེ་གནས་རྔ་གཡང་ཕྱུག་མོ་རྔ་བ་རྫོང་གི་བཀྲ་ཤིས་ལྷ་སྡེ་དཀར་བོར་སྤྱི་ལོ20123ལ་གསར་དུ་བཙུགས་པའི་བོད་སྤོས་བཟོ་གྲྭ་ཞིག་ཡིན།  བཟོ་གྲྭ་འདིས་ཐོག་མར་བླ་སྤྲུལ་མི་ཉུང་བ་ཞིག་ལ་འདི་ཕྱོགས་ཀྱི་བཀའ་འདྲི་དང་ཁུངས་གཏུག་ཡང་ཡང་བྱས་མཐར་རྣམ་པ་ཚོས་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ལེགས་གྲུབ་བྱུང་བ་ཡིན་ལ།  རང་རྫོང་ལ་མཚོན་ན་རྒྱལ་ཁབ་རིམ་པའི་བཟོ་ཚོང་དཔང་ཡིག་ཐོབ་མཁན་ཆེས་ཐོག་མའི་སྤོས་བཟོ་ཁང་ཞིག་ཀྱང་ཡིན།  སྲོལ་རྒྱུན་གྱི་བོད་སྤོས་ཐོན་སྐྱེད་བྱེད་སའི་བཟོ་གྲྭ་ཞིག་ཏུ་གྱུར་ཡོད་པ་དང་།  བཟོ་གྲྭ་བཙུགས་ནས་བགྲང་བྱ་གཅིག་ཙམ་གྱི་དུས་ཡུན་ཁྲོད་ཐོན་སྐྱེད་བྱས་པའི་༼བོད་ལུགས་བདུག་སྤོས༽ཞེས་པ་འདི་མཐོ་བོད་རང་བྱུང་རྩི་སྨན་སྣ་ཚོགས་དང་ཁུངས་ལྡན་སྨན་སྣ་མང་བོ་བཟོ་སྩལ་རྩེར་སོན་ལ་བརྟེན་ནས་བཟོས་པས་དགའ་བསུ་བྱེད་མཁན་མང་བོ་བྱུང་།  ད་ལོར་ཐོན་རྫས་འདི་བོད་ཀྱི་ས་ཁུལ་མང་བོ་ཞིག་དང་དེ་མིན་རྒྱ་ཡུལ་པེ་ཅིང་དང་བཀང་ཀྲུས།  བཀང་ཤས། ཐཱ་བན་སོགས་སུ་སོང་ཡོད།  ཐོན་རྫས་འདི་རྒྱུད་ལྡན་དམ་པའི་ཕྱག་བཞེས་བཞིན་བཟོས་པས་རྒྱུ་སྤུས་གང་གི་ཐད་ནས་ཆེད་དུ་དཀོན་མཆོག་མཆོད་པའི་སྤོས་སུ་བཟོས་པ་ཞིག་ཡིན། བཟོ་གྲྭར་རྒྱུས་མི་སྣ་དང་དགོན་སྡེ་ཁག་ཅིག་གིས་འདུ་ཁང་དང་ལྷ་ཁང་བཙན་ཁང་སོགས་སུ་ཆེད་འབུལ་སྤོས་སུ་འདམས་ཐོན་བྱུང་། བོད་སྤོས་འདིའི་སྡེབ་སྦྱོར་ཁ་ཚང་བ་མ་ཟད་རྫས་འགྱུར་རིགས་ཅུང་ཙམ་ཡང་འདྲེས་མེད་པས་མངགས་ཉོ་མཁན་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་དོ།།

    མ་འོང་བར་ཁ་ཕྱོགས་ནས་རྒྱང་ལྟ་བྱས་ན་བོད་སྤོས་ལ་མདུན་ལམ་ཆེན་པོ་ཡོད་པར་སེམས། ནུབ་ཕྱོགས་གསར་སྤེལ་ཆེན་པོའི་ཚ་རླབས་ཀྱི་འགྲོས་དང་བསྟུན་ཏེ་ང་ཚོ་དུས་རབས་གསར་བའི་གོམ་འགྲོས་དང་མཉམ་སྐྱོད་ཀྱི་སྙིང་སྟོབས་ཆེར་སྐྱེས་ཏེ་བོད་ཀྱི་སྲོལ་རྒྱུན་བདུག་རྫས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་ཐོན་རྒྱུར་ཡིད་ཆེས་དང་དགའ་བསུ་ཞུ་རྒྱུ་ཡིན་ནོ། །

རྒྱ་ཆེའི་འཛད་སྤྱོད་པའི་ཐུགས་རེ་བཞིན་པོད་སྤོས་ཀྱི་རྣམ་པ་མི་འདྲ་བ་དུ་མ་ཡོད་པས་དུས་ལྟར་སྡེབ་ཚོང་བྱེད་པར་དགའ་བསུ་ཞུ།

ས་གནས། རྔ་བ་རྫོང་བཀྲ་ཤིས་ལྷ་སྡེ་དཀར་བོ།
ཁ་པར། 13547730899
གླེང་མོལ།  982028462
      
ཞེས་རྔ་བ་རྫོང་ཡར་འཕེལ་བོད་སྤོས་ཚད་ཡོད་སྤྱི་གཉེར་ཁང་གིས་ ༢༠༡༤//༢༦ཉིན།


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/9/1 བལྟ་ཀློག (8231)