རྒྱ་གར་གྱི་ཆོས་ལུགས་དུས་ཆེན་སྐབས་སུ་མི་ཚོགས་འཚང་ཁ་བརྒྱབ་པའི་དོན་རྐྱེན་ལས་མི་སོ་དྲུག་རྐྱེན་ལམ་དུ་ཤོར་བ།

སྤེལ་དུས།  2013-02-12 10:08:52      ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

      རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་བཤད་པ་ལྟར་ན། རྒྱ་གར་བྱང་ཕྱོགས་ཀྱི་ཨན་ལཱ་ཨ་པ་ཏི་གྲོང་ཁྱེར་གྱི་མེ་འཁོར་ས་ཚིགས་སུ་ཟླ་གཉིས་པའི་ཚེས་བཅུའི་ཉིན་རྒྱ་གར་ཆོས་ལུགས་ཀྱི་ཁུ་མེ་ལཱ་ཞེས་པའི་ཆོས་ལུགས་ཀྱི་ཆོ་ག་སྤེལ་སྐབས་མི་ཚོགས་འཚང་ཁ་བརྒྱབ་ནས་རྡོག་པས་བརྫིས་པའི་ཆག་སྒོ་བྱུང་སྟེ། ཉུང་མཐར་ཡང་མི་སོ་དྲུག་རྐྱེན་ལམ་དུ་ཤོར་ཟེར།
རྒྱ་གར་གྱི་ཙུང་ལི་ཞིན་ཀི་ཡིས་རྡོག་བརྫིས་ཆག་སྒོའི་འདས་པོར་མྱ་ངན་ཞུས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་རྨས་མར་རོགས་རམ་བྱེད་དགོས་པའི་མཛུབ་སྟོན་གནང་།
ཁུང་མེ་ལ་དུས་ཆེན་ནི་རྒྱ་གར་ཆོས་ལུགས་ཀྱི་དུས་ཆེན་གལ་ཆེན་ཞིག་ཡིན་ལ། དུས་ཆེན་གྱི་སྐབས་སུ། མི་རྣམས་ཀྱིས་ཆུ་བོ་གངྒཱ་དང་ཆུ་བོ་མུའུ་ན་གཉིས་ཀྱི་འདྲེས་མཚམས་སུ་ཁྲུས་བྱེད་པ་ཡིན།

ལོ་ཙཱ་བ། ཀླུ་འབུམ་བྱམས།   


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/2/12 བལྟ་ཀློག (3139)