རྒྱ་གར་གྱི་འཛུགས་སྐྲུན་བྱེད་བཞིན་པའི་སྡོད་དམངས་ཐོག་ཁང་རྡིབས་ནས་མི་ཞེ་གཉིས་རྐྱེན་ལམ་དུ་ཤོར་བ།

  རྒྱ་གར་མིན་མེད་ཉེ་འདབས་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་སྡོད་དམངས་ཐོག་ཁང་ཞིག་ཚེས་བཞི་ཉིན་གྱི་དགོང་མོར་རྡིབས་ཏེ། མི་ཞེ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ལྔ་བཅུ་ལྷག་ལ་རྨས་ཕོག ས་དེའི་དཔོན་རིགས་ཀྱིས་བཤད་རྒྱུར། བཟོ་སྐྲུན་མི་སྣས་བདེ་འཇགས་སྒྲིག་སྲོལ་སྣང་མེད་དུ་བཞག་སྟེ་རྒྱུ་སྤུས་ཞན་པའི་རྒྱུ་ཆ་བཀོལ་བ་ལས་ཐོག་ཁང་དེ་རྡིབས་པ་རེད།

     སྡོད་དམངས་ཐོག་ཁང་དེ་མིན་མེད་བྱང་ངོས་ཀྱི་སྤྱི་ལེ་སོ་ལྔའི་མཚམས་སུ་ཡོད་པའི་མཱ་ཧཱ་ལཱ་ཧྲི་ཐི་ལཱ་པང་གི་ཐཱ་ནཱ་གྲོང་ཁྱེར་དུ་ཡོད་པ་དང་། མཐོ་ཚད་ལ་བརྩེགས་རིམ་བདུན་ཡོད། ཚེས་བཞི་ཉིན་གྱི་དགོང་མོའི་དུས་ཚོད་དྲུག་དང་སྐར་མ་སུམ་ཅུའི་སྟེང་ཐོག་ཁང་དེ་རྡིབས་པ་དང་། ཁང་བའི་ཞིག་རོའི་མཐོ་ཚད་ལ་ཧ་ལམ་སྨིད་བརྒྱད་ཙམ་ཡོད།

རྒུད་སྐྱོབ་མི་སྣ་སཱ་ཏིས་ཁི་ཡིས་བཤད་རྒྱུར། སྡོད་དམངས་ཐོག་ཁང་དེ་ལས་ནས་འགྲུབ་མེད་པ་དང་། དོན་རྐྱེན་མ་བྱུང་གོང་བརྩེགས་རིམ་དྲུག་པར་འཛུགས་སྐྲུན་བྱེད་བཞིན་ཡོད་ཀྱང་། བརྩེགས་རིམ་དང་པོ་ནས་ལྔ་བའི་བར་མི་བསྡད་ཡོད་ཟེར།

ལོ་ཙཱ་བ། བསོད་ནམས་ཚེ་རིང་།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/4/8 བལྟ་ཀློག (2446)