མཚོ་ལྷོ་ཁུལ་བྱིས་པའི་ཕན་བདེ་གླིང་བཙུགས་པའི་མཛད་སྒོ་དེ་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་སྤེལ་བ།

 


གུང་ཧོ་རྫོང་དུ་མཚོ་ལྷོ་ཁུལ་བྱིས་པའི་ཕན་བདེ་གླིང་བཙུགས་པའི་མཛད་སྒོ་སྤེལ།

 

 འགོ་ཁྲིད་རྣམས་ཀྱིས་བྱིས་པའི་ཕན་བདེ་གླིང་གི་སྒྲིག་ཆས་སོ་སོར་ལྟ་ཞིབ་བྱེད་པ།

 

འབྲེལ་ཡོད་འགོ་ཁྲིད་དང་བྱིས་པ་རྣམས་ཀྱི་འདྲ་པར།
  ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་གྱི་སྔ་དྲོ། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་ཁྲི་ཀ་ནུབ་ལམ་གྱི་མཚོ་ལྷོ་ཁུལ་བྱིས་པའི་ཕན་བདེ་གླིང་བཙུགས་པའི་མཛད་སྒོ་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་འགོ་གཙོ་གཞོན་པ་ཝང་ཁྲང་མེན་དང་། མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏུའུ་ཁྲིན་ཀྲུང་། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ཙོའོ་ཡུའུ་ལིན་སོགས་འབྲེལ་ཡོད་འགོ་ཁྲིད་རྣམས་དང་། མཚོ་ལྷོ་ཁུལ་གྱི་རྫོང་ལྔའི་གཙོ་སྐྱོང་རྫོང་དཔོན་དང་། དམངས་སྲིད་ཅུའི་འགོ་གཙོ། དེ་མིན་མཚོ་ལྷོ་ཁུལ་དམངས་སྲིད་ཅུའི་ལས་སྒྲུབ་མི་སྣ་ཡོངས། བྱིས་པའི་ཕན་བདེ་གླིང་གི་ལས་སྒྲུབ་མི་སྣ་ཡོངས་དང་བྱིས་པ་བཅས་ཐེངས་འདིའི་མཛད་སྒོར་ཞུགས་པ་རེད།

                                                                                                            མཚོ་སྔོན་པོ་དྲ་བ་ལས།


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/6/4 བལྟ་ཀློག (3069)