2013ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་འབྲེལ་གཏུག་པའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

   ཟླ་དྲུག་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས2013ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་འབྲེལ་གཏུག་པའི་བྱ་བའི་གྲོས་ཚོགས་བསྡུས། རིགས་མཐུན་སྣེ་ལེན་གྱི་ཕྱོགས་སོ་སོའི་ལས་ཁུངས་ཀྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྣེ་ལེན་བྱ་བར་འགན་ཁུར་བའི་འབྲེལ་གཏུག་པ་གྲོས་ཚོགས་སུ་ཞུགས།

ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སུ་ཞུགས་པའི་མི་གྲངས་དང་། ལས་གཞིའི་གྲོས་མཐུན་འགོད་པ། གཙོ་སྒྲུབ་ལས་ཁུངས། རོགས་སྐྱོར་ལས་ཁུངས་བཅས་ཐེངས་སྔོན་མའི་ཚོང་གཏམ་གྲོས་ཚོགས་ལས་མང་། ད་ལྟ་གྲ་སྒྲིག་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད། གྲོས་ཚོགས་སྟེང་ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གཞི་ཁྱོན་དང་ཉེ་ལམ་གྱི་དྲིལ་སྒྲོག་བྱ་བའི་གནས་ཚུལ་སོགས་ཁྱབ་སྒྲོག་བྱས་པར་མ་ཟད། སྟོབས་ཤུགས་གཅིག་བསྡུ་དང་ཚན་རིག་ལྟར་རྩ་འཛུགས། གཞོགས་འདེགས་བཟང་བོ་བཅས་བྱེད་པའི་ཐད་ནས་རིགས་མཐུན་སྣེ་ལེན་ལས་ཁུངས་ཀྱི་བྱ་བར་རེ་བ་དངོས་བཏོན།

                                                       མཚོ་སྔོན་པོ་གསར་འགྱུར་དྲ་བ་ལས།


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/6/9 བལྟ་ཀློག (1416)