མགར་གྱི་སྦྲ་ནག་ཀ་བརྒྱ་མ་གསེར་ཆེན་དཔང་བསྟོད་ཀྱི་དགོང་ཚོགས་ཡུལ་དངོས་སུ་འབྱོར་བ།

     མགར་གྱི་སྦྲ་ནག་ཀ་བརྒྱ་མ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་རྒྱུད།   བློན་པོ་གསེར་ཆེན་རི་བོའི་འདབས་རོལ་ཏུ་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་«གསེར་ཆེན་དཔང་བསྟོད་» ཆེན་མོའི་འཁྲབ་སྟོན་ཡུལ་དངོས་སུ་འབྱོར་ཡོད་ལ། སྦྲ་ནག་འདིའི་མིང་གཞན་ལ་མགར་གྱི་སྦྲ་ནག་སྟོང་ཤོང་ཀ་བརྒྱ་མ་ཡང་ཟེར། སྦྲ་ནག་འདིའི་རྒྱུ་ཆ་ནི་ནོར་གནག་བཞི་སྟོང་ལྷག་གི་ཁུལ་རྩིད་ཀྱིས་གྲུབ་ཅིང་། སྲོལ་རྒྱུན་རྣམ་པ་སྲུང་འཛིན་བྱས་ནས་ཕྱི་ཀ་ཐམས་ཅད་དངུལ་ཀ་དང་ནང་ཀ་ཐམས་ཅད་གསེར་ཀ་ལྟར་དུ་ཚོན་བྱུག་ཡོད་པར་མ་ཟད། ཕུར་བ་རེའི་མགོ་སྐྱི་མོས་གཡོགས་ནས་བཀོལ་བདེ་ལ་ཉར་ཚགས་ཀྱི་རིན་ཐང་ངེས་ཅན་ལྡན་པ་བྱས་ཡོད། སྦྲ་ནག་འདིའི་སྤྱིའི་རྒྱ་ཁྱོན་ལ་རྨིད་ངོས་སྙོམས་གྲུ་བཞི་མ་དྲུག་བརྒྱ་དྲུག་ཅུ་ལྷག་ཡོད་ལ། མིག་སྔར་བོད་ཁམས་ཡོངས་ཀྱི་ཆེས་ཆེ་བའི་སྦྲ་ནག་ཏུ་གྱུར་ཡོད།

    མགར་ཚང་གི་སྦྲ་ནག་ཀ་བརྒྱ་མར་ལྟད་མོ་པ་ཁྲི་སྟོང་མང་པོས་པར་ལེན་པ་དང་དར་འཐེན་པ་སོགས་ལ་བྲེལ་འདུག་པའི་ཡུལ་དངོས་སུ་བསྐྱོད་པ།

སྦྲ་ནག་ཀ་བརྒྱ་མའི་སྒོ་ཁར་མི་ཚོགས་རུབ་རུབ་ཏུ་སྤུངས་པ།

མགར་ཚང་གི་སྦྲ་ནག་ཀ་བརྒྱ་མ་དྲན་རྟེན་དུ་པར་རྒྱག་པ།

 

གནས་རི་བློན་པོ་གསེར་ཆེན་འདབས་ཀྱི་སྦྲ་ནག་ཀ་བརྒྱ་མ།

                     ཀ་བ་ཉེར་ལྔས་བཏེགས་པའི་སྦྲ་ནག་གི་གཡས་ཕྱོགས།

 

ཀ་བ་ཉེར་ལྔས་བཏེགས་པའི་སྦྲ་ནག་གི་གཡོན་ཕྱོགས།

སྦྲ་ནང་གི་འཚོ་བ།

སྦྲ་ནང་གི་སྒྲོ་བའི་དོ་ཆ།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/6/13 བལྟ་ཀློག (5518)