ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་སློབ་ཆེན་བུམ་པའི་འགྲན་བསྡུར་དུ་ཨང་དང་པོ་བླངས།

 

 འགྲན་བསྡུར་ཡུལ་དངོས།

        ཟླ6པའི་ཚེས19ཉིན་གྱི་དགོང་མོ། ནུབ་བྱང་མི་རིགས་སློབ་ཆེན་གྱིས་གཙོ་སྒྲུབ་དང་། ལུས་རྩལ་སློབ་གླིང་གིས་འགན་སྒྲུབ་གནང་བའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་སྐབས་གསུམ་པའི་སློབ་ཆེན་བུམ་པའི་རྐང་གྲུག་འགྲན་བསྡུར་སློབ་གྲྭའི་ལུས་རྩལ་ར་བར་སྤེལ་ཞིང་། བོད་རིག་པའི་སློབ་གླིང་གིས་འགྲན་བསྡུར་དུ་ཨང་དང་པོ་བླངས།

 

བྱ་དགའ་གནང་བ།

        ཐེངས་འདིའི་ཐོག་མའི་འགྲན་བསྡུར་དུ་བསྡོམས་པས་སློབ་གླིང16ཞུགས་ཡོད་ཅིང་། མཐའ་མར་བོད་རིག་པའི་སློབ་གླིང་དང་ཁྲིམས་ལུགས་རིག་པའི་སློབ་གླིང་གཉིས་ཛ་དྲག་གི་རྟིང་རྩོད་དུ་ཞུགས་པ་དང་། བོད་རིག་པའི་སློབ་གླིང་གིས5:0ལས་ཁྲིམས་ལུགས་རིག་པའི་སློབ་གླིང་ཕམ་པར་བྱས་ཏེ་སྐབས་འདིའི་སློབ་ཆེན་བུམ་པའི་རྐང་གྲུག་འགྲན་བསྡུར་གྱི་ཨང་དང་པོ་བླངས།
        བོད་རིག་པའི་སློབ་གླིང་གི་ཧེ་ཞཱན་ཝུ་དང་རྡོ་རྗེ་ཚེ་བརྟན་གཉིས་སོ་སོར་ཆེས་ལེགས་སྒོ་སྲུང་བྱ་དགའ་དང་ཆེས་ལེགས་རྐང་གྲུག་པའི་བྱ་དགའ་ཐོབ་པ་རེད།


                                                                      མཚོ་སྔོན་པོ་དྲ་བ་ལས།

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/6/26 བལྟ་ཀློག (4640)