ཁྱོད་ཀྱིས་རང་གི་བླ་སྲོག་གཤེད་གསུམ་སོ་སོའི་གཟའ་གང་ཡིན་ཤེས་འདོད་དམ།

   ཁྱོད་ཀྱིས་རང་གི་བླ་སྲོག་གཤེད་གསུམ་སོ་སོའི་གཟའ་གང་ཡིན་ཤེས་འདོད་དམ།

       དེ་ཡང་འུ་ཚོའི་བོད་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་ལྟར་ན་མི་རང་རང་གི་ལོ་རྟགས་ཀྱིས་གཏན་འཁེལ་བའི་བླ་སྲོག་གཤེད་གསུམ་གྱི་གཟའ་རེ་ཡོད་ལ། དེའང་བླ་སྲོག་གཤེད་གསུམ་ལས་བླ་གཟའ་དང་སྲོག་གཟའ་ནམ་ཡིན་ལ་རྣམ་དཀར་དགེ་བའི་ལས་མང་དུ་བསྒྲུབས་ན་ཚེ་བསོད་ལོངས་སྤྱོད་དང་ཁ་ལས་ཀླུང་རྟ་སོགས་དར་བ་དང་། གཤེད་གཟའ་ནམ་ཡིན་ལ་ཅིས་ཀྱང་གལ་ཆེའི་ཛ་དྲག་གི་བྱ་བའི་རིགས་ལ་གཟབ་དགོས་པར་བཤད་པས་ཁོ་བོས་འདིར་ལོ་རྟགས་སོ་སོས་གཏན་འཁེལ་བའི་བླ་སྲོག་གཤེད་གསུམ་གྱི་གཟའ་གང་ཡིན་བཅས་སྟབས་བདེའི་རེའུ་མིག་ཏུ་བཟོས་ཏེ་དྲ་གྲོགས་ཚོར་སྤྱན་འབུལ་ཞུས་ཡོད་པས་དགྱེས་བཞེས་གནང་རོགས།

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/7/4 བལྟ་ཀློག (15668)