རྨ་ཆུ་རྫོང་དུ་མགར་ཚང་གི་ཁྱིམ་རྒྱུད་ལོ་རྒྱུས་བགྲོ་གླེང་བསྡུས།

 

         སྤྱི་ལོ2010ལོའི་སྤྱི་ཟླ་1བོའི་ཚེས་15ཉིན་གནམ་འོག་གི་རྨ་ཁུགས་དང་བོ་ཡ་གླིང་གི་རྩྭ་ས་དང་བོ་རྨ་ཆུ་རྫོང་དུ་མགར་ཚང་གི་རུས་རྒྱུད་ཀྱི་བྱ་བཞག་ལ་ལུགས་མཐུན་གདེང་འཇོག་དང་བདེན་སྐྱེས་དྲང་སྒུར་གྱི་《མགར་ཚང་ཁྱིམ་རྒྱུད་ལོ་རྒྱུས་བགྲོ་གླེང་》འདུ་འཛོམས་ཤིག་རུས་ལ་བློ་དཀར་བ་མགར་ཨ་སངས་སོགས་ཀྱིས་གཙོ་བསྒྲུབས་བྱས་ཏེ་མགར་སྟོང་བཙན་ནང་མ་ཁང་དུ་གཟབ་རྒྱས་ངང་འཚོགས།  མཛངས་བློན་མགར་དམ་པས་རྗེ་ལ་བློ་དཀར་ཞིང་འབངས་ལ་སྲི་ཞུ་བསྒྲུབས་པའི་ལོ་རྒྱུས་དག་གསལ་བཤད་བྱས་པ་བརྒྱུད་འདས་པའི་ལོ་རྒྱུས་ངོས་ཟིན་དང་ད་ལྟའི་ལོ་རྒྱུས་ཀྱི་འཚབ་ཏུ་རུང་བ། མ་འོངས་ང་ཚོ་མགར་ཚང་གི་བྱ་བཞག་ལ་གཏམ་བཤད་གལ་ཆེན་གནང་།  མཇུག་ཏུ་མགར་ཚང་རུས་རྒྱུད་ཀྱི་རྒན་བགྲེས་མཁྱེན་དཔྱོད་ཅན་རེ་འགས་སྣེ་ཁྲིད་ཅིང་གསར་སྐྱེས་རིགས་ཞེན་ཅན་མང་བོས་རམ་འདེགས་འོག་མདོ་དབུས་ཁམས་གསུམ་གྱི་མགར་ཚང་གི་རུས་ཀྱི་གལ་ཆེན་གང་བཞིན་ཁྱབ་སྤེལ་གྱི་ཕྱོགས་ལ་ཕན་བསྐྱེད་ཆེ་བའི་ཕྱག་ལས་མི་ཉུང་བ་ཞིག་གནང་དགོས་པར་ཕྱོགས་ཡོང་འཐུས་ཚབ་པས་གཏམ་བཤད་དང་མདུན་བསྐྱོད་བྱེད་དགོས་པའི་བསྐུལ་མ་གནངས།  

       མདོར་ན་མགར་ཚང་གི་ཚོགས་འདུ་འདི་ཉིད་དཔུང་རྡང་མཉམ་སྦྲེལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་རང་གི་རུས་རྒྱུད་རིག་གནས་འདི་ཉིད་དུས་རབས་ནས་དུས་རབས་སུ་བརྒྱུད་སྤྲོད་བྱེད་ཐུབ་པར་དབུ་ཁྱུད་གསར་བ་ཞིག་བྲིས་པ་དང་དུས་ཀྱི་འགྲོས་དང་མཐུན་པར་ཁ་བ་གངས་ཅན་པ་ཡོངས་ཀྱིས་རང་རང་གི་ཤ་གསེང་གི་ཁྲག་དང་རུས་གསེང་གི་རྐང་ལྟ་བུའི་དམངས་ཁྲོད་རུས་རྒྱུད་རིག་གནས་རྒུད་སྐྱོབ་དང་རིན་ཐང་ཆེ་བ་ཞིག་ཏུ་ངོས་ཟིན་ཐོབ་པའི་སྨོན་འདུན་ཁ་གཡང་བསྒྲགས་ཏེ་མཇུག་བསྡུས།

གདན་ཞུས་མགར་གྱི་ལོ་རྒྱུས་བགྲོ་གླེང་བ་ཀན་སུའུ་རྨ་ཆུ་རྫོང་སྲིད་ཀྲོས་ཀྱི་སྐུ་ཞབས་འཇམ་དབྱངས།

  

གདན་ཞུས་མགར་གྱི་ལོ་རྒྱུས་བགྲོ་གླེང་བ་ཀན་སུའུ་རྨ་ཆུ་རྫོང་སློབ་གསོ་ཅུས་ཀྱི་མྱིག་གཅོད།

 

མཚོ་སྔོན་མགོ་ལོག་སྨིན་ཐང་དགོན་གྱི་རུས་ལ་བློ་དཀར་བ་མགར་ལྷ་མགོན། 

 

རྔ་ཡུལ་ཁཱ་ཤཱི་དགོན་ནང་བསྟན་དཔེ་ཚོགས་དངོས་འབུལ་ཁང་གི་གཙོ་འགན་པ་ཁཱ་ཤེས་རབ་རྒྱ་མཚོ། 

 

སྤྱི་ལོ་༢༠༡༠ལོའི་མགར་ཚང་གི་ཁྱིམ་རྒྱུད་ལོ་རྒྱུས་བགྲོ་གླེང་།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/7/8 བལྟ་ཀློག (5531)