མཚོ་སྔོན་མི་རིགས་སློབ་ཆེན་དུ་ཉི་ཧོང་ལ་འགྲོ་བའི་སྔོན་འགྲོའི་སྦྱོང་བསྡར་འཛིན་གྲྭ་བསྡུས།

མཚོ་སྔོན་མི་རིགས་སློབ་ཆེན་དུ་ཉི་ཧོང་ལ་འགྲོ་བའི་སྔོན་འགྲོའི་སྦྱོང་བསྡར་འཛིན་གྲྭ་སྟེ་

ཉི་སྐད་རྒྱལ་སྤྱིའི་འཛིན་གྲྭ་ཡི་སློབ་འགོ་ཚུགས་པའི་མཛད་སྒོ་སྤེལ།

 

སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་ཉི་ཧོང་ལ་འགྲོ་བའི་རང་གི་སློབ་མ་རྣམས་ལ་ཡིག་ཚགས་སྟེར་བཞིན་པ།

 

ཤེས་རིག་གླིང་གི་སློབ་མ་དང་རྩྭ་ཐང་བུ་མོའི་སློབ་གྲྭའི་མཐར་ཕྱིན་སློབ་མ་རྣམས་ཉི་ཧོང་ལ་འགྲོ་བའི་སྦྱོང་བསྡར་ལ་ཞུགས།

 

2013ལོའི་ཟླ་7པའི་ཚེས་9ཡི་ཕྱི་དྲོའི་ཆུ་ཚོད་བཞིའི་སྟེང་དུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཕྱིའི་སྐད་ཡིག་སློབ་གླིང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་བཅུ་གསུམ་དང་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་ཉེར་གཅིག་སྟེ་ཁྱོན་ད་ལོའི་མཐར་ཕྱིན་སློབ་མ་སུམ་ཅུ་སོ་བཞི་ཉི་ཧོང་ལ་སློབ་གྲྭར་འགྲོ་བའི་གོ་སྐབས་རེག་ནས་ཉི་ཧོང་ལ་འགྲོ་བའི་སྔོན་འགྲོའི་སྦྱོང་བསྡར་འཛིན་གྲྭ་སྟེ་ཉི་སྐད་རྒྱལ་སྤྱིའི་འཛིན་གྲྭ་ཡི་སློབ་འགོ་ཚུགས་པའི་མཛད་སྒོ་སྤེལ།


 今天下午在青海民族大学外语学院举行了日语国际培训班开学典礼。留学日本的共80名,其中我们草原女子学校有21名、吉美坚赞民族职业学校有13名,共34名藏族牧民子女得到了日本留学机会。

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/7/10 བལྟ་ཀློག (9875)