དྲི་བ་འདོན་མཁན་དྲྭ་གྲོགས་འགའ།
ལན་འདེབས་མཁན་བཙན་པོའི་མགར་གྱི་དྲ་བ།
༡ དྲི་བ། སྤྱིར་མགར་ཚང་ཟེར་བ་དེ་ཅི་ཞིག་རེད། རུས་རྒྱུད་ཅིག་འེ་རེད།
ལན། མགར་ཞེས་པའི་ཐ་སྙད་ནི་སྤྱིར་བཏང་དོན་མང་བོ་ལ་འཇུག་ཀྱང་འདིར་གླེང་བར་བྱ་བ་ནི་རུས་ཀྱི་བྱེ་བྲག་ལ་འཇུག་པ་དང་། དེ་ཡང་རུས་ཆེན་བཞིའམ་མི་བུ་གདོང་དྲུག་ལས་མཆེད་པའི་བོད་གདོད་མའི་རུས་ཚན་གཙོ་གྲས་ཤིག་ཡིན་ཏེ། རུས་རྒྱུད་འདི་ལས་བྱུང་བ་ཁག་ཅིག་གིས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་ནས་བློན་གྱི་གོ་གནས་བཟུང་སྟེ་བོད་ཀྱི་མཐོ་རིམ་སྤྱི་ཚོགས་སུ་ཚུད་ཡོད།
༢དྲི་བ། རྒྱལ་ཕྲན་སིལ་མའི་དུས་སུ་མགར་ཞེས་པའི་རུས་ཚན་དེ་ཡོད་དམ།
ལན། ཡོད་རྒྱུ་རེད། ཏུན་ཧོང་ཡིག་ཚགསPT1386དུ་རྒྱལ་ཕྲན་སིལ་མའི་དུས་ཀྱི་རྗེ་བོ་དང་བློན་པོའི་མཚན་བརྗོད་པའི་སྐབས་སུ། ཡུལ་ངས་
པོ་ཁྲ་གསུམ་ན། རྗེ་དགུག་གྲི་འི་ཟིང་པོ་རྗེ། བློན་པོ་མགར་དང་མཉན་གཉིས། ཞེས་མགར་གྱི་རུས་ཅན་ཆབ་སྲིད་ཀྱི་སྟེགས་བུར་འཛེགས་པ་བཀོད་ཡོད་པས་ཤེས་སྙམ།
༣དྲི་བ། མགར་གྱི་རུས་རྒྱུད་འབྱུང་ཁུངས་སམ་གནས་ཡུལ་གང་ཞིག་ཡིན་ནི་རེད།
ལན། ཡར་ལུང་ཡིན་རྒྱུ་རེད་འདོད་ཀི རྒྱུ་མཚན་བོད་མིའི་འབྱུང་ཁུངས་ཡར་ལུང་ཡིན་པར་ལོ་རྒྱུས་དེབ་ཐེར་རྣམས་ཁ་མཐུན་པས་རྩ་བའི་རུས་ཆེན་བཞི་ཡི་མཆེད་ཁུངས་ནི་ཡར་ལུང་ཡིན་པ་དང་། སྐབས་དེར་མགར་གྱི་རུས་རྒྱུད་འཚོ་སའི་གནས་གཞི་གཙོ་བོ་ནི་ཡར་ལུང་གཙང་བོའི་བྱང་རྒྱུད་ཡུལ་ངེས་པོ་ཡིན་ཕྱིར་གནས་ཡུལ་གྱི་ཆ་ནས་ཀྱང་མཐུན་ཆོས་རྙེད་པས་ཤེས་སླ།
༤དྲི་བ། མགར་རུས་མགར་སྟོང་བཙན་གྱི་རུས་རྒྱུད་མ་ཡིན་ནམ།
ལན། མགར་སྟོང་བཙན་ཡང་མགར་གྱི་རུས་རྒྱུད་ལས་བྱུང་བའི་བློ་གྲོས་ཀྱི་རྩལ་མཐོ་ལ་དཔའ་བོས་དགྲ་བཅོམ་ཞིང་ནང་གི་ཚིག་ཐུབ་སྟེ་བཙན་པོའི་མངའ་ཐང་ལ་སྲི་ཞུ་སྒྲུབ་མཁན་གྱི་མཛངས་བློན་ཡིན་ནི་རེད།
༥དྲི་བ། མགར་སྟོང་བཙན་ལ་རུས་རྒྱུད་ཡོད་དམ།
ལན།
ཡོད་ནི་རེད། བུ་ཚ་མང་ནི་རེད། ད་དུང་ཁོང་གི་བུ་ཚ་རྣམས་ཀྱིས་བཙན་པོའི་མངའ་ཐང་རྒྱ་བསྐྱེད་པ་དང་སྲིད་བརྟན་ལ་འབངས་བདེ་བའི་ཆེད་དུ་རང་ནུས་ཡོད་དགུ་བཏོན་ནས་བྱས་རྗེས་བླ་ན་མེད་པ་བཞག་པ་བསྙོན་དུ་མེད།
༼ མུ་འགོད
༽
མཆན།
དྲི་བ་འདོན་མཁན་དག་གིས་ཐུགས་ཉམས་བཞེས་དགོས་ས་ནི་མགར་གྱི་ཁྱིམ་རྒྱུད་འདིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། རུས་རྒྱུད། མི་གཤིས། བསམ་བློ། མཛད་འཕྲིན། རིགས་སྲས་བཅས་ཕྱོགས་ཡོངས་ནས་ཞིབ་འཇུག་གཏིང་ཟབ་ཀྱིས་འཐུས་ཚང་ཞིང་གསོང་བོར་བརྗོད་རྒྱུ་ལས། ལོ་རྒྱུས་འཁྱོག་བཤད་དང་མ་ཉེས་ཁ་ཡོག་མི་བྱེད་རྒྱུ་སྙིང་ནས་རེ་ཞུ་ཡིན།
ང་ཚོས་མགར་ཚང་དང་འབྲེལ་ཡོད་ཀྱི་དྲི་བ་རྣམས་ལ་ལན་བསྐྱོན་འདོད་ཆེ་བས་ང་ཚོས་དཔེ་ཁུངས་བཙུན་པ་སོགས་ནས་བསྟན་དོན་ཇི་བཞིན་ལན་འདེབས་ངེས།
|