འགྲན་རྩོམ་བསྡུ་བའི་བརྡ་ཡིག

བོད་རིགས་ཤེས་ཡོན་པ་སྤྱི་དང་ཡང་སྒོས་བོད་ཀྱི་སློབ་འབྲིང་ཁག་གི་དགེ་རྒན་རྣམ་པར་ཞུ་དོན། 

 ཉེ་ལམ་འདིར་ང་ཚོའི་བོད་མི་རིགས་ཀྱིས་གླུ་གར་འགྲན་བསྡུར་དང་རྟ་རྒྱུག་འགྲན་བསྡུར་སོགས་འགྲན་བསྡུར་སྣ་ཚོགས་ཤིག་བྱས་དང་བྱེད་བཞིན་པ་ནི་དོན་དངོས་ཡིན་མོད།  འོན་ཀྱང་ང་ཚོས་རང་གི་མི་རབས་གསར་བའི་བློ་གྲོས་འཕེལ་རྒྱས་ལ་དམིགས་ཏེ་འགྲན་བསྡུར་བྱས་པ་ཧ་ཅང་ཉུང་བས། ཞིབ་ཏུ་བསམ་ན་ང་ཚོས་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་ལ་འགན་མ་འཁུར་བའི་ཆ་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད། དེ་བས་ད་རེས་ངེད་བཙན་པོ་མགར་གྱི་དྲ་བས་ཆེད་དུ་དོན་འདི་ལ་དམིགས་ཏེ་བོད་ཁུལ་གྱི་སློབ་འབྲིང་སློབ་མར་རྩོམ་ཡིག་འགྲན་བསྡུར་གྱི་ཁོར་ཡུག་ཅིག་བསྐྲུན་རྩིས་ཡོད་པས་རྒྱ་ཆེའི་དགེ་སློབ་ལྷན་རྒྱས་ཀྱིས་ཐུགས་ལ་འཛིན་པར་ཞུ། 

རྩོམ་ལུས་དང་རེ་བ། 

འགྲན་སྐོར་དང་བོ་འདིར་ཚིགས་བཅད་ཁོ་ན་བསྡུ་འཆར་ཡོད་ལ། ཚིག་སྦྱོར་དང་ཐ་སྙད་སོགས་གང་ཅིའི་ཐད་ནས་བོད་ཀྱི་བྲོ་བ་མ་ཡལ་བ་དང་། སྒོས་སུ་སློབ་འབྲིང་སློབ་མ་རང་ཉིད་ཀྱི་འཚོ་བ་དང་ཕུགས་འདུན།  དགའ་མོས་སོགས་མཚོན་པ་ལས་གསར་བཤད་དང་ཆེ་བཤད་སོགས་མ་འདྲེས་པ་གལ་ཆེ།  

འགྲན་རྩོམ་བསྡུ་བའི་དུས་ཡུན།

༢༠༡༣ལོའི་སྤྱི་ཟླ ༧ ནས་ སྤྱི་ཟླ་༡༠ བའི་བར་ཡིན།

བྱ་དགའ་ལ།

 ཨང་དང་བོ་གཅིག་དང་གཉིས་པ་གཉིས། གསུམ་པ་གསུམ། ཕུལ་བྱུང་བཞི་བཅས་གདམས་ཏེ་དང་བོ་འཐོབ་མཁན་ལ་བྱ་དགའ་དམངས་སྒོར་༣༠༠༠དང་།  གཉིས་པ་ལ་དམངས་སྒོར་༢༠༠༠། གསུམ་པ་ལ་དམངས་སྒོར་༡༠༠༠། ཕུལ་བྱུང་རེར་དམངས་སྒོར་༣༠༠བཅས་ཕུལ་ཏེ་བོད་ཀྱི་སློབ་འབྲིང་སློབ་མའི་རྩོམ་རྩལ་ཇེ་མཐོར་འགྲོ་བར་སྨོན་ལམ་ཐེངས་ཤིག་འདེབས་རྩིས་ཡོད་པས་དེ་དོན་ཐུགས་འཇགས་འཚལ།



རྩོམ་ཡིག་གི་མཇུག་ཏུ་༼ འགྲན་རྩོམ་ ༽ཞེས་གསལ་བོར་འགོད་དགོས།

རྩོམ་བསྐུར་ཡུལ།

བཙན་པོའི་མགར་གྱི་དྲ་བའི་ཡིག་ཟམ་གང་རུང་དུ་བསྐུར་ཆོག

Emial:tbmgar@163.com QQ:516617821QQ:409970381


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/7/16 བལྟ་ཀློག (10393)