དུས་ཚོད་ལ་གཙིགས་ཆེན་བྱེད་པ།

        1926ལོའི་ཟླ7པའི་ཚེས11ཉིན་ནི་ཨ་རིའི་གསར་བཏོད་པ་ཆེན་མོ་ཨའེ་ཏི་ཧྲིང་ལོ་79་སླེབས་པའི་སྐྱེས་སྐར་ཡིན། ཉིན་དེར་ཨའེ་ཏི་ཧྲིང་གི་ཁྱིམ་དུ་རྟེན་འབྲེལ་ཞུ་མཁན་གྱིས་ཁེངས་ནས་བསྡད་ཡོད་པ་རེད། སྐུ་འགྲོན་རྣམས་ཀྱིས་ཁོང་ལ་རྟེན་འབྲེལ་ཞུ་སྐབས། ཞལ་རས་ལ་དམར་མདངས་བཀྲ་བའི་ཨའེ་ཏི་ཧྲེང་གི་སྤོབས་པ་དང་བཅས་མི་རྣམས་ལ''དོན་དངོས་ཐོག་ང་ལོ་135་ལ་སླེབས་ཟིན་ཡོད''ཅེས་བཤད། སྐུ་འགྲོན་རྣམས་ཐོག་མར་ཧང་སངས་དགོས་བྱུང་བ་དང་། བསམ་བློ་ཞིབ་པར་བཏང་རྗེས་མི་རྣམས་ཧ་གོ་དོན་རྟོགས་ངང་བགད་མོ་ཤོར།རྒྱུ་མཚན་ཨེ་ཏི་ཧྲེང་གིས་ལོ་བཅུ་ཕྲག་འགའ་ཤས་རིང་ཧ་ལམ་ཉིན་ལྟར་ཆུ་ཚོད་བཅུ་གྲངས་ཕྱག་ལས་གནང་ཡོད་པ་དང་། གལ་ཏེ་རྒྱུན་གཏན་གྱི་མི་ཞིག་གི་ལས་ཀ་བྱེད་པའི་ཆུ་ཚོད་ལྟར་བརྩིས་ཚེ། ཁོང་གིས་135་ཡི་ཐོག་ནས་ད་ལྟའི་ལོ་ཚད་ལ་རྩིས་རྒྱག་བྱས་པ་དེས་ཁེངས་སྐྱུངས་ཆེན་པོ་གནང་བ་ཞིག་ཡིན། དུས་ཚོད་ཀྱིས་མི་ཞིག་གི་ཚེ་སྲོག་ཁ་སྣོན་བྱེད་མི་སྲིད། ཡིན་རུང་དུས་ཚོད་གཙིགས་ཆེན་བྱས་ཚེ། ཚེ་སྲོག་ལ་སྔར་བས་རིན་ཐང་དང་ལྡན་པར་འགྱུར་ངེས་ཤིང་། དེ་ནི་མི་ཚེའི་སྙིང་བོ་ཡིན།
         ཐོས་སྒྲོག་གིས་འཚར་ལོང་གི་བསླབ་བྱ་ཞེས་པའི་དེབ་ལས་བཤུས།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/7/18 བལྟ་ཀློག (3879)