རླུང་རྟའི་དར་ལུང་།

དགོད་གཏམ།
    ལོ་བཅུའི"1.རིག་གསར"རླུང་ནག་གཏོར་ཟིན་ཡང་ཆོས་ལུགས་སྒོ་ཆེན་ད་དུང་ཕྱེས་མེད་པའི་སྐབས་ཤིག ཏང་ཡོན་རྒན་པ་དྲན་སྒོ་ཟེར་བ་ཞིག་གིས་ཀུར་ཏ་དཀར་པོ་ཡུག་གཅིག་ངོར་རླུང་རྟ་དཔར་ཚར་ནས་དར་ལུང་འདོག་གིན་ཡོད་དུས། ཞང་སྲིད་གཞུང་གི་ལས་བྱེད་པ་གསུམ་གློ་བུར་དུ་ཐོན་པས། དྲན་སྒོ་མྱུར་བར་ཡར་ལང་སྟེ་རྐང་པ་ཡ་གཅིག་གིས་རླུང་རྟ་མནན་ཏེ་ལག་པ་གཉིས་ཀྱིས་ཁོའི་བཟོས་ཚར་བའི་2.རླུང་རྟའི་དར་ལུང་དེ་མར་འདྲལ་བཞིན་འདུག ལས་བྱེད་ཅིག་གིས"ཁྱོད་ཀྱིས་ཅི་ཞིག་བྱེད་བཞིན་ཡོད"ཅེས་དྲིས་པར། དྲན་སྒོས་ལན་དུ"རླུང་རྟ་དེ་རི་མགོར་བཏགས་ཡོད་པ་རྙེད་ནས་ངས་རླུང་རྟའི་ངོས་ཀྱི་ཐག་པ་དེ་མར་བླངས་ནས་རྡང་ཐག་བྱེད་རྒྱུ་ཡིན"ཞེས་བཤད་པར། ལས་བྱེད་པ་རྣམས་ཀྱིས་བདེན་པར་རློམ་མོ།།
མཆན།
1.རིག་གསར་ཞེས་པ་རིག་གནས་གསར་བརྗེ་ཆེན་པོ་ཟེར་བའི་གོང་གི་བརྗོད་དོན་སོགས་ལས་འགུལ་ཞིག་སྟེ་ལྷ་རྟེན་ཆོས་གསུམ་བསྲེགས་གཏོར་སོགས་རང་རིགས་ཀྱི་མི་ངན་སྐོར་ཞིག་ནང་དུ་ཚུད་ཀྱང་དེང་སང་ཆོས་དད་པ་ལྟ་བུར་གྱུར་ནས་ས་ཆ་གང་ཡིན་སར་གནའ་གཏམ་དུ་གྱུར་པ་དེ་རེད། 
2.རླུང་རྟ་ཞེས་པ་ཟུར་ཆག་གི་སྐད་དུ་བགྲང་འདུག རྒྱ་ནག་སྐད་དུ་力量大ཞེས་པ་སྒྲ་ཟུར་ཉམས་པར་འདོད་པས་དཔྱད་རིགས།

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/7/24 བལྟ་ཀློག (3162)