ད་ལོའི་དབྱར་ཁ།

                        གླིང་བུ༼གཙོས་གྲོང་ཁྱེར་སློབ་འབྲིང༽

འཛིན་མའི་གཞི་རུ་མེ་ཏོག་ཕྲ་བཏབ་སྔོ་ལྗང་གོས་ཀྱིས་གང་སར་བཀླུབས།།

ཉལ་འགྲོའི་རྒྱུན་གྱིས་ཅ་ཅོའི་གླུ་ལེན་ཉ་ཡི་ཚོགས་ཀྱང་ཅི་དགར་རོལ།།

མཁའ་ཡི་གླང་བོས་འདུ་ལོང་འཁྲུགས་ཅིང་ཟམ་ཟིམ་ཆར་བའི་དངོས་གྲུབ་བསྩལ།།

དྲི་གཞོན་བུ་མོས་གླུ་ལེན་བྲོ་འཁྲབ་འབྲོག་མོའི་གདོང་ལ་འཛུམ་མདངས་བྱུགས།།


ཕྱུགས་ཟོག་དཀར་ནག་རྩྭ་ཆུར་རོལ་ཞིང་ཁྱིམ་མིའི་སེམས་པ་སྐྱིད་ལ་སྐུར།།

ཞོགས་པར་ཨ་མའི་བཞོ་གླུ་སྙན་ཞིང་མར་ཆུར་ཟས་ཀྱི་རི་རབ་བརྩིགས།།

མི་ཡི་རིགས་ལ་ན་ཚ་འཇགས་ཤིང་དགའ་སྐྱིད་གླུ་ཡིས་རྫ་ལུང་བཀང་།།

རི་ཆུ་ནགས་གསུམ་གླུ་ཡིས་བསྟོད་ཅིང་ཁུ་བྱུག་དབྱངས་ཀྱིས་རབ་ཏུ་བརྒྱན།།


ཨ་ཕས་ཕྱུགས་ཟོག་རི་ནས་འཚོས་ཤིང་འཇེབས་པའི་རྫི་གླུས་རི་ལུང་ཁེངས།།

ཨ་མས་མར་ཆུར་ཁྱིམ་ནས་བརྩིགས་ཤིང་གཡང་གི་མཆོད་པ་ཁྱིམ་ནས་མཆོད།།

ཨ་ཅེ་མེ་ཏོག་མཛེས་བའི་ཕྱུག་ཅིང་ལག་དང་ལས་ཀ་ཕྱི་སྡེས་བསྟོད།།

ཨ་ཅང་འགྲིག་པའི་ཁྱིམ་མི་བདེ་ཞིང་ཁྱིམ་འདི་དགའ་དང་དགོད་སྒྲས་གསོ།།


ཚན་རིག་སློབ་གསོའི་ལས་དོན་འཕེལ་ཞིང་དེང་རབས་ཅན་ལ་ཕྱོགས་འདི་སྤྲོ།།

དཀར་ནག་ཕྱུགས་ཀྱི་འཕེལ་ཁ་བཟང་ཞིང་མི་ལ་ན་ཚ་མེད་འདི་སྐྱིད།།

ཞོགས་པའི་ཉི་ཟེར་རི་ནས་འཛུམ་དུས་ཨ་མའི་གདོང་གི་འཛུམ་མདངས་ཡག།

བཀྲ་ཤིས་ཤིན་ཏུ་བཟང་ཞིང་ལེགས་པའི་ད་ལོའི་དབྱར་འདི་བདག་གིས་བསྔགས།།

                                             ༢༠༡༣      ༢༠ཉིན་མེ་ཏོག་མང་སའི་སྤང་ཐང་ཞིག་ནས།  

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/8/9 བལྟ་ཀློག (1891)