འགྲན་རྩོམ་བསྡུ་མཚམས་བཞག་པ།

      ངེད་བཙན་པོའི་མགར་གྱི་དྲ་བའི་རྩོམ་རིག་ལེ་ཚན་གྱི་ནང་གསེས་རྩོམ་རིག་འགྲན་རྩོམ་གླིང་གི་སྐབས་དང་བོའི་བོད་ཀྱི་སློབ་འབྲིང་ཁག་གི་སློབ་མའི་བཅད་རྩོམ་འགྲན་སྐོར་དེ་རིང་ཡོངས་སུ་བསྡུ་མཚམས་བཞག་པ་ཡིན་པས་རྣམ་པ་ཚོས་མ་འོངས་པའི་རྩོམ་རིག་འགྲན་རྩོམ་གླིང་གི་རྩོམ་ལུས་གཞན་གྱི་འགྲན་བསྡུར་ཁྲོད་ཞུགས་པར་གྲ་སྒྲིག་བྱོས་དང་ང་ཚོས་དུས་ལྟར་དགའ་བསུ་བྱེད། 

དེ་བས་ད་རེས་ངེད་བཙན་པོ་མགར་གྱི་དྲ་བས་ཆེད་དུ་དོན་འདི་ལ་དམིགས་ཏེ་བོད་ཁུལ་གྱི་མཁས་དབང་འགར་འགྲན་རྩོམ་ལ་སྐར་མ་རྒྱག་ཏུ་བཅུག་སྟེ་བདེན་པ་དངོས་ཐོག་ནས་སློབ་འབྲིང་སློབ་མར་རྩོམ་ཡིག་འགྲན་བསྡུར་གྱི་ཨང་རིམ་གསལ་ཐག་ཆོད་པ་ཞིག་བྱ་རྒྱུ་ཡིན་པས་རྒྱ་ཆེའི་དགེ་སློབ་ལྷན་རྒྱས་ཀྱིས་ཐུགས་ལ་འཛིན་པར་ཞུ། 

གསལ་བཤད།

 འགྲན་རྩོམ་གྱི་སྐར་འབྲས་མི་འགྱང་བར་དྲྭ་ལམ་ནས་གསལ་བསྒྲགས་བྱེད་རྒྱུ་ཡིན་པས་བྱ་དགའ་སྤྲད་ཡུལ་སོགས་ཀྱི་གནས་ཚུལ་འོག་ནས་ཤེས་པར་བྱའོ། །


ཁྱེད་ཀྱིས་ང་ཚོར་ལམ་སྟོན་དང་བཀའ་སློབ་ཡོད་ཚེ་ཁ་པར་འདི་དག་གི་ལམ་ནས་ང་ཚོར་མཇལ་ཆོག


15283703999.18719510777.13909418876.13399411115

Emial:tbmgar@163.com QQ:516617821QQ:409970381


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/10/10 བལྟ་ཀློག (36135)