ངའི་ཕ་ཡུལ།

                             སྟོབས་་ལྡན།

གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡིན།།

ཆུ་དྭངས་མོ་རྫ་ཆུ་བསིལ་མ་ཡིན།།

སྤང་སྔོན་མོའི་མཛེས་སྡུག་རང་བྱོན་ཡིན།།

གན་ང་ཡི་ཕ་ས་ཕ་ཡུལ་ཡིན།།

ཁྲ་མེ་ཏོག་བཞད་པའི་རི་ལུང་ན།།

ཕྱུགས་དཀར་ནག་མུ་ཏིག་ཐང་ལ་བཀྲམ།།

སྦྲ་མཐིང་སྨུག་སྒོ་དར་ལྷོ་ལ་བསྐྱངས།།

གནས་དེ་ནི་ང་ཡི་ཕ་ཡུལ་ཡིན།།

སྒོ་ཕྱུགས་ཟོག་འཚོ་བའི་གཞི་རྟེན་ཡིན།།

སྦྲ་མཐིང་སྨུག་མེས་པོའི་ཕ་ཁྱིམ་ཡིན།།

ཕྱི་ཁོར་ཡུག་ཕྱི་གཙང་ནང་གཙང་ཡིན།།

ངའི་ཕ་ཡུལ་མཛེས་པའི་ཡང་རྩེ་ཡིན།།

              ངའི་ཕ་ཡུལ།

བརྗིད་ཉམས་ལྡན་པའི་གངས་དཀར་རི་བོ་གཅིག།

དྭངས་ཤིང་་བསིལ་བའི་རྫ་ཆུ་དྭངས་མོ་གཉིས།།

མཛེས་ཤིང་སྡུག་པའི་ཚང་ཚིང་ནག་ཀློང་གསུམ།།

ང་ཡི་ཕ་ཡུལ་མཛེས་པའི་རི་མོ་ཡིན།།

བང་རྩལ་ཅན་གྱི་འདོ་རིག་རྟ་ཕོ་གཅིག།།

ནུ་ཁ་གང་བའི་ཐུལ་དཀར་འབྲི་མོ་གཉིས།།

བལ་ཁ་འཇམ་པའི་གཡང་དཀར་ལུག་ཁྱུ་གསུམ།།

ང་ཡི་འཚོ་རྟེན་གཡང་གི་སྒོ་ཕྱུགས་ཡིན།།

དྲོད་ཁོལ་ལྡན་པའི་སྦྲག་ནག་གྲུ་བཞི་གཅིག།

བྱམས་བརྩེ་ལྡན་པའི་དྲིན་ཆེན་ཕ་མ་གཉིས།།

མཐུན་སྒྲིལ་ཅན་གྱི་ཕུ་ནུ་མིང་སྲིང་གསུམ།།

ང་ཡི་ཡ་ཐོད་མིག་གི་འགྲན་ཡ་ཡིན།།

བདག་གི་དགེ་རྒན བརྒྱད་གཅིག་འཛིན་གྲྭའི་སྟོབས་ལྡན

གཞུང་ལུགས་ཐམས་ཅན་མཁྱེན་པའི་བློ་གྲོས་ཅན །།

སློབ་མ་ཁྲི་སྟོང་མང་བོ་ཁྱོད་ཀྱིས་་བསྐྱངས །།

གངས་རིའི་བླ་སྲོག་བསྐྲུན་པའི་སྙིང་སྟོབས་ཅན །།

ཁྱོད་ནི་ནམ་ཡང་གངས་རའི་དཔའ་བོ་ཡིན །།

སློབ་དཔོན་ཁྱེད་ཀྱི་སྟོབས་དང་ཤེས་རབ་ནི །།

གངས་རིའི་ལྗོངས་ནས་མཚན་ཉིད་ཕྱོགས་བཞིར་ཁྱབ །།

འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་ན།།

སློབ་དཔོན་ཁྱོད་ནི་སྲས་ཀྱང་འགྲན་ཟླ་བྲལ །།

བཅུ་ཕྲག་གནས་ལ་མཁས་པའི་སློབ་དཔོན་ཁྱེད །།

ཤེས་བྱའི་བདུད་རྩི་གནང་བའི་སྒྲོན་མེ་ཡིན།།

མ་རིག་མུན་པ་སེལ་བའི་སྒྲོན་མེ་ཡིན

ཁྱེད་ནི་བུ་ཆུང་ང་ཡི་དྲིན་ཅན་ཡིན །།

                               ངེད་དྲ་བ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/10/13 བལྟ་ཀློག (2777)