སློབ་དཔོན །

                                                      གསང་བདག

གསལ་གསལ་མུན་པ་སེལ་བའི་གཙུག་གི་ནོར །།

མཁས་མཁས་རིག་པའི་དབང་བོ་འཛམ་གླིང་རྒྱན།།

དད་དད་སྙིང་གི་གསོལ་བ་ཁྱོད་ལ་བཏབ །།

ལེགས་ལེགས་རིག་པའི་དངོས་གྲུབ་ང་ལ་སྩོལ།།

བརྩེ་བརྩེ་ལྷག་བསམ་དཀར་བའི་རང་མདངས་ཅན།།

འཛུམ་འཛུམ་དུང་མདོག་ཟླ་བའི་བཞིན་རས་ཅན །།

འཇམ་འཇམ་གཡང་དཀར་ལུ་གུའི་བལ་ཁ་ཅན །།

ལྷང་ལྷང་ཁུ་བྱུག་སྔོན་མོའི་གསུང་སྐད་ཅན །།

དཀར་དཀར་གངས་རི་དཀར་པོའི་ལྷག་བསམ་ཅན །།

མཛེས་མཛེས་མེ་ཏོག་པད་མའི་མཛེས་སྡུག་ཅན །།

བརྗིད་བརྗིད་རྫ་རི་སྨུག་པོའི་རང་གཟུགས་ཅན །།

དུང་དུང་ངག་གི་དབྱངས་རྟ་ཁྱོད་ལ་འབུལ །།

                                       ངེད་དྲ་བ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/10/14 བལྟ་ཀློག (1833)