ན་ཟླ་ཚོ། ཡར་ལ་འགྲོ།

                              ཚེ་འབུམ་རྡོ་རྗེ།

ན་ཟླ་ཚོ།  ཡར་ལ་འགྲོ།

ཤེས་རིག་གི་མེ་ཏོག་བཞད་པའི་གླིང་ག་འདིར།།

ཤེས་བྱ་ཡི་ཟེའུ་འབྲུ་ལེན་བཞིན་ཡར་ལ་འགྲོ།

སློབ་དཔོན་གྱི་གསུང་ལ་ཉན་བཞིན་ཡར་ལ་འགྲོ།

གུས་རྟག་གིས་བརྩོན་པ་བྱེད་བཞིན་ཡར་ལ་འགྲོ།

ན་ཟླ་ཚོ།  ཡར་ལ་འགྲོ།

ཤེས་བྱ་ཡི་མེ་ལྕེ་མཆེད་པའི་སྤྱི་ཚོགས་འདིར།།

རྩྭ་ཐང་གི་ནོར་ལུག་བསྐྱུར་བཞིན་ཡར་ལ་འགྲོ།

ཤེས་རིག་གི་དར་ཆ་བསྒྲེང་བཞིན་ཡར་ལ་འགྲོ།

རང་རིགས་ཀྱི་ལ་རྒྱ་གླེང་བཞིན་ཡར་ལ་འགྲོ།

ན་ཟླ་ཚོ། ཡར་ལ་འགྲོ།

འ་འུར་དང་འདུ་འཛི་ཆེ་བའི་དུས་སྐབས་འདིར།།

མཐུན་སྒྲིལ་གྱི་ལག་རྡང་སྦྲལ་བཞིན་ཡར་ལ་འགྲོ།

དེང་རབས་ཀྱི་འཚོ་བར་སྙེག་བཞིན་ཡར་ལ་གྲོ།

འཛམ་གླིང་གི་ཡང་རྩེ་སྙེག་བཞིན་ཡར་ལ་འགྲོ།

                               ངེད་དྲ་བ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/10/14 བལྟ་ཀློག (2086)