དུས་བཞིའི་རང་མདངས།

                                          བླ་གཡུ།

དཔྱིད།

བུ་མོའི་སྤང་ཆར་བསིལ་མའི་སྒེག་ཉམས་ངོམ།།

གཞོན་ནུའི་འགྲོས་མགྱོགས་རྟ་ཕོའི་བང་རྩལ་འགྲན།།

ཁུ་བྱུག་སྔོན་མོའི་གསུང་སྙན་མཁའ་ནས་སྒྲོགས།།

རྨ་ཆུ་སྔོན་མོ་དལ་གྱིས་བསྐྱོད་པ་མཛེས།།

                 དབྱར།

མེ་ཏོག་དཀར་དམར་ས་གཞི་ཀུན་ནས་བཀྲམ།།

སྐྱེ་དངོས་ཡིད་དགའ་རྣམས་ཀྱི་བཀྲག་མདངས་མཛེས།།

འདབ་ལྡན་གཞོན་ནུའི་སེམས་པ་སྤྲོ་ཞིང་སྐྱིད།།

ལང་ཚོ་ཤིན་ཏུ་མཛེས་པ་རབ་ཏུ་བརྗིད།།

                    སྟོན།

འབྲུ་དྲུག་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡོ།།

རྩྭ་ཐང་ཀུན་ལ་གསེར་གྱི་འོད་མདངས་འཕྲོས།།

གཡང་རྭ་སྒོ་བཞིའི་འཕེལ་ཁ་ཤིན་ཏུ་བཟང༌།།

ཁུ་བྱུག་སྔོན་མོ་ལྷོ་ཕྱོགས་སྨོན་ལ་འཕུར།།

               དགུན།

མཛེས་པའི་གངས་རིའི་གཟི་མདངས་སྔར་ལས་ལྷག།

གསེར་མིག་ཉ་མོའི་སྤྲོ་བས་འཁྱུགས་རྩལ་ངོམ།།

ས་འཛིན་ལྷུན་པོ་རབ་དཀར་ཁ་བའི་གཡོགས།།

འདབ་ཆགས་རྒྱ་མཚོའི་ཁ་ནས་སྤྲོ་ཞིང་སྐྱིད།།

                                          ངེད་དྲ་བ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/10/15 བལྟ་ཀློག (2206)