བྲལ་སོང་བའི་གྲོགས་མོ༌།

                               ཀླུ་འཚོ།

ལྷན་འཛོམས་ལོ་ཟླའི་བར་ནས།།  

སྐྱིད་པའི་དགོད་སྒྲ་ལྷང་ལྷང།།

གྱེས་བྲལ་སྨག་རིམ་ཀློང་ནས།།    

 མིག་ཆུའི་ཕྲེང་ཐག་ཆད་སོང།།

ཁྱེད་རང་རྒྱང་དུ་ཆས་ནས།། 

ལོ་དང་ཟླ་བ་འགོར་སོང།།

ལོ་ཟླའི་འགྱུར་ཁུགས་ཁྲོད་ནས།།

སེམས་པ་སྐྱོ་བས་ཁེངས་སོང།།

མཚན་མོ་མལ་ལ་ཉལ་དུས།།

སྐྱོ་བའི་དབུགས་རིང་འབྱིན་བཞིན་།།

སེམས་ཀྱི་ན་ཟུག་ལྕི་མོ༌།།

ནམ་ཡང་ཟད་ཐབས་མ་བྱུང་།།

ང་དང་གྲོགས་མོའི་བར་ཐག།

རི་ཆུ་སྟོང་གི་བཅད་ཡོད།།

གྲོགས་མོ་འཁྲེང་བའི་སེམས་པ།།

ནམ་ཡང་འགྱུར་བ་མི་འདུག།

                      ངེད་དྲ་བ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/10/15 བལྟ་ཀློག (2870)