ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་བ་སྤེལ་བ།

                                                                        གསར་འགོད་པ་གཅོད་པ་དོན་འགྲུབ།

       སྤྱི་ལོ་༢༠༡༣ལོའི་ཟླ་༡༢པའི་ཚེས་༧ཉིན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གིས་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་བ་འཚོགས་ཤིང་།  སློབ་གླིང་གི་དགེ་སློབ་ཀུན་གྱིས་དགའ་མོས་དང་རེ་ལྟོས་ཆེ་བའི་བྱ་འགུལ་འགྲན་ཚོགས་འདི་ནི་ལོ་སྔོན་མ་ལས་ལྡབ་འགྱུར་གྱིས་གཟབ་རྒྱས་དང་རྒྱལ་ཁའི་ངང་སྤེལ།

  ཞོགས་པའི་ཆུ་ཚོད་དགུ་བ་ནས་དགེ་སློབ་གཉིས་ཀ་སློབ་ཁུལ་གསར་བའི་ལུས་རྩལ་ར་བར་འཛོམས་ནས་ཐེངས་འདིའི་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ཤིང་།   ཐེངས་འདིར་བོད་རིག་པའི་སློབ་གླིང་གི་སློབ་དཔོན་རྒན་བན་གོ་དང་།  རྒན་ཀུན་དབང་།རྒ  ན་ཚེ་གཟུངས་སྐྱབས།  རྒན་སྐལ་བཟང་ཉི་མ་སོགས་དངོས་སུ་ཕེབས་པ་དང་།   དེ་མིན་སྒྱུ་རྩལ་སློབ་གླིང་སོགས་སློབ་གླིང་གཞན་པའི་སློབ་མའི་ཚབ་བྱེད་མི་སྣ།སློབ་གྲྭའི་གུང་གཞོན་ཚོགས་པ་སོགས་སློབ་གྲྭའི་ཚོགས་པ་གཞན་པའི་ཚབ་བྱེད་མི་སྣ།   ཇོ་མོ་གླང་མའི་རྩོམ་རིག་ལྷན་ཚོགས་སོགས་སློབ་གླིང་གི་ལྷན་ཚོགས་གཞན་པའི་ཚབ་བྱེད་མི་མི་སྣ།   ད་དུང་།ཁྲིནཏུའུ་རྒྱ་སྨན་སློབ་གྲྭ་ཆེན་མོའི་སློབ་མ་བཅས་དགེ་སློབ་མང་སློབ་མང་བོ་འཛོམས་ཤིང་།  རྒན་བན་གོས་དངོས་སུ་མཛད་སྒོའི་བཤིས་ཚིག་ཕུལ་བ་དང་།   སློབ་དགེ་ཀུན་གྱི་ཐལ་མོའི་རྡེབ་སྒྲའི་བར་ནས་འགྲན་སྡུར་གྱི་རྣམ་གྲངས་རེ་རེ་བཞིན་འགྲན་སྡུར་བྱས།

       འགྲན་སྡུར་གྱི་རྣམ་གྲངས་ལ་ཐག་འཐེན་དང་གླང་ཆེན་ས་བཤགས།  འཇུ་རེས།  བོད་ལྭ་གྱོན་པ།  མཐེ་འདེབས་པ།མིག་མངས།  འགྱོག་རྡོ་སོགས་ཡོད་ཅིང་།   ཉིན་གཅིག་གི་འགྲན་སྡུར་བརྒྱུད་ནས་༡༣ལོའི་སྲིད་འཛིན་དོ་དམ་འཛིན་གྲྭ་གཉིས་པས་ཐག་འཐེན་གྱིི་བྱ་དགའ་བྱ་ཨང་དང་པོ་བླངས་པ་དང་བཅས་ཏེ་ཐེངས་འདིའི་འགྲན་ཚོགས་ཀྱི་མཇུག་བསྡུས་ཤིང་།  འགྲན་ཞུགས་མི་སྣ་དང་ལྟད་མོ་བ་མང་བོས་བདེ་མོ་དང་སྤྲོ་འཛུམ་ཕན་ཚུན་ལ་འཇོག་གིན་རང་རང་གི་ཐད་དུ་ལོག་ཅིང་།  ཐེངས་འདིའི་འགྲན་ཚོགས་ཀྱི་ལས་སྒྲུབ་ལྷན་ཚོགས་ཏེ  །སྒྲོན་སྟེགས་རྩོམ་རིག་ཚོགས་པས་བྱ་འགུལ་ཐེངས་འདི་རྒྱལ་ཁའི་ངང་མཇུག་བསྡུས།

ཐོག་མའི་མཛད་སྒོ་མགོ་རྩོམ་བྱེད་དུ་གཞས་གཏོང་གིན་པ།


འཇུ་རེས་བྱེད་ཀྱིན་པ།


ཐག་འཐེན་བྱེད་པའི་རྣམ་པ།


 བོད་ལྭ་གོན་པར་གཙང་འདུག་དང་མགྱོགས་མྱུར་འགྲན་བཞིན་པ།


རང་གི་ལུས་ཀྱི་རྩལ་ངོམ་བཞིན་པ།


 ས་སྒྱེ་འཇོག་བཞིན་པ།

 

འགྱིག་འདེད་པའི་འགྲན་རྩོད།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/12/10 བལྟ་ཀློག (9292)