ངས་སྙན་ངག་མི་ཕྲིས་པའི་རྒྱུ་རྐྱེན་བཤད་པ།

                                ཆོས་ཤུལ་གསང་བདག

༡ འཇིག་རྟེན་གྱི་བྱ་དངོས་རེ་རེར་ངོས་ཟིན་གཏིང་ཟབ་མེད་པ།


༢ བྱ་དངོས་རེ་རེའི་མཚོན་བྱ་མཚོན་བྱེད་དུ་དོ་སྣང་བྱས་པ་མ་འདང་བ། 

༣ གནའ་དེང་གཉིས་ཀའི་སྙན་ངག་ལ་བློ་སྦྱོང་ཞན་པ། 

༤ལྷན་སྐྱེས་ཀྱི་ཤེས་རབ་ཆུང་བ།

༥ ཉེ་འཁོར་གྱི་དོན་རྐྱེན་གང་མང་ཞིག་ལ་ཉམས་འཇོག་བྱས་པ་ཉུང་དྲགས་པ།

༦ བསམ་གཞིག་བྱས་པ་ཉུང་དྲགས་པ།

༧ གཟབ་ནན་གྱི་ཆ་ཞན་སོང་བ།

༨ མིང་ཚིག་རེ་རེའི་གོ་བ་དེ་ཀླད་པའི་ནང་དུ་རྒྱུན་འབྱམས་སུ་ཆགས་མེད་པ། 

༩ ཡིད་གཟུགས་བཀོལ་བར་དགའ་ཡང་། བཀོལ་བའི་ཐབས་མ་འགྲིག་པ། 

༡༠ སྒྱུ་རྩལ་གྱི་ཕྱོགས་ནས་བློ་ཁ་དམའ་སོང་བ།

 མཚམས་ལན་རེར་ང་དང་བཅས་པའི་དེང་གི་སྙན་ངག་པའི་སྡེ་སྤྱི་ལ་ཞན་ཆ་འདི་རིགས་ཡོད་པར་སྙམ་ལ། ལྷག་པར་དུ་སྙན་ངག་ལ་དགའ་མཁན་གྱི་གཞོན་སྐྱེས་ཚོར་ལྷག་དུ་མང་བར་འདོད།
 དྲང་མོར་ལབ་ན་སྙན་ངག་ཟེར་བ་དེ་དགའ་བ་དང་དུང་བ་བརྩོན་པས་འགྲུབ་རྒྱུ་ཞིག་ནི་གཏན་ནས་མ་ཡིན་པར་སྙམ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/12/12 བལྟ་ཀློག (25858)