མགར་གྱི་མི་བོ་ཆེ་བྱམས་པ་མཐའ་ཡས་ངོ་སྤྲོད་མདོར་བསྡུས།

      མགར་གྱི་མི་བོ་ཆེ་བྱམས་པ་མཐའ་ཡས་མཚོ་སྔོན་པོའི་འགྲམ་དུ་མགར་གྱི་སྤྲོ་ཚོགས་སུ་ཕེབས་ཏེ་རིགས་རུས་གདུང་རྒྱུད་གཅིག་པའི་ནང་མི་སྤུན་ཟླ་ཚོ་དང་ལྷན་དུ་མཚོ་སྔོན་པོའི་ནང་གཏེར་བུམ་འབུལ་དུ་ཆས་པ།

མགར་གྱི་མི་བོ་ཆེ་བྱམས་པ་མཐའ་ཡས་ཀྱིས་རྭ་རྒྱ་དགོན་པའི་རྡོབ་རྡོབ་ཀྱི་ལས་ཁུར་བཞེས་པའི་སྐབས་ཀྱི་འདྲ་པར།


          མགར་གྱི་མི་བོ་ཆེ་བྱམས་པ་མཐའ་ཡས་ནི་མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་ཁྲི་ལྔ་བཅུའི་ཁྲོད་ནས་ཆེས་ཆེ་བའི་སྡོམ་བཙུན་ཞིག ཁོང་ནི་སྤྱི་ལོ་1976 ལོར་མས་གར་གྱ་ཚོ་བའི་ལོ་རེ་རྒྱལ་ཚང་དུ་འཁྲུངས་ཤིང་རང་ལོ་ཉེར་གཉིས་སོན་སྐབས་རྭ་རྒྱ་དགོན་པའི་ནང་ཞུགས་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་མཚན་ལ་བྱམས་པ་མཐའ་ཡས་གསོལ།     

    ཁོང་གི་གཟུགས་ཚད་ལ་སྨི 2.20 དང་། ལྗིད་ཚད་ལ་རྒྱ་མ 287 ཡོད་ལ། ལྷམ་ཨང་གྲངས 57 ཅན་གྱོན་དགོས་པ་དང་། ལག་པའི་ནང་དུ་རྐང་རྩེད་སྤོ་ལོ་ཞིག་བདེ་བླག་ངང་ཆུད་ཀྱི་ཡོད།    དེར་བརྟེན་མཚོ་སྔོན་ཞིང་ཆེན་གྱིས་ལུས་རྩལ་མི་སྣའི་ནང་དུ་འདེམས་ཏེ་བསྐྱེད་སྲིང་གནང་ཞིང་ཚགས་པར་དང་བརྙན་འཕྲིན་སོགས་ལས་ཁྱབ་བསྒྲགས་བྱས་པས་ཕྱི་གླིང་བ་མང་པོས་ཕྱི་རྒྱལ་དུ་ཡོང་དགོས་པའི་རེ་བ་གཏོན་པ་ན།    ཁོང་གིས་རབ་ཏུ་བྱུང་བས་འདུ་འཛིའི་བྱ་བ་ལ་གཡེང་བ་ནི་གནས་མ་ཡིན་པར་དགོངས་ཏེ་དེ་མ་ཉིད་ནས་ཟླ་ཕོགས་སོགས་ཕངས་མེད་དུ་དོར་ཏེ་ཕྱིར་རང་དགོན་དུ་ཕེབས་ཤིང་ད་ལྟའི་བར་དུ་ཐོས་བསམ་སྒོམ་གསུམ་གྱི་གནས་ལ་བརྩོན་དང་བརྩོན་བཞིན་པ་ལགས་སོ། །


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/1/18 བལྟ་ཀློག (11932)