གླུ་བ་དཔལ་ལྡན་གྱི་དམངས་གླུ།

དགུང་ཉི་མ་ཤར་ནས་འཛུམ་དུས་ན།

གཞས་པ།   དཔལ་ལྡན།

གཞས་ཚིག དམངས་ཁྲོད།

དབྱངས།  དམངས་ཁྲོད། 


གླུ་བ་དཔལ་ལྡན་ངོ་སྤྲོད་མདོར་བསྡུས།

ཁོ་ནི་ཨ་མདོའི་དམངས་གླུ་ལེན་པར་མཁས་ཤིང་༢༠༠༩ལོར་བོད་ཁུལ་ཡོངས་ཀྱི་དམངས་གླུ་འགྲན་བསྡུར་སྟེང་ཨང་གཉིས་པའི་བྱ་དགའ་ཐོབ།   ༢༠༡༠ལོའི་ནས་༢༠༡༢ལོའི་བར་མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་ལུགས་ལོ་གསར་སྤྲོ་ཚོགས་ལ་ཞུགས།   ༢༠༡༤ལོར་ཡང་བསྐྱར་མཚོ་སྔོན་བརྙན་འཕྲིན་ཁང་གི་གསེར་ཁྱུང་རྩེན་གླུ་ཞེས་པའི་སྤྲོགས་ཚོགས་སུ་ཀུན་གྱིས་དགའ་བསུ་མང་པོ་ཐོབ།  ད་ལྟ་མ་སྐྱེས་ཨ་མ་བོད་རིགས་དམངས་ཁྲོད་སྒྱུལརྩལ་ཚོགས་པའི་གླུ་བ་ནུས་ལྡན་གྲས་ཀྱི་གཅིག་དང་།  ཁོའི་གླུ་སྐད་ལ་གདངས་མཐོ་ཞིང་རྒྱུན་རིང་བ། ད་རུང་སྙན་འཇེབས་འབྲུ་ཁྱད་ཆོས་མངའ་བས།  ཁོ་ལ་དམངས་གླུ་རྒྱལ་སྲས་ཞེས་མིང་ཡང་ཐོབ་མྱོང་འདུག


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/3/15 བལྟ་ཀློག (7913)