རྨ་ཆེན་གངས་འདབས་འབག་བཙོག་ཏུ་མ་གཏོང་།

དམར་པོའི་ཡུལ་སྐོར་ཟིན་ཐོ།

ད་ལོ་བོད་མདོ་དབུས་ཁམས་གསུམ་ནས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཁོངས་ཀྱི་རྨ་ཆེན་གངས་རིར་གནས་འདུས་ཡིན་པས་གནས་མཇལ་བ་ཁྲི་མ་འབུམ་ཚ་ཚ་འུར་འུར་གྱིས་སླེབས་འདུག་པས་ཕྱོགས་གཅིག་ནས་ཁོ་ཚོར་དགེ་འབྲས་དོན་ལྡན་ཡོང་བ་དང་ལམ་སྐབས་སུ་བར་ཆད་མི་འབྱུང་བའི་སྨོན་འདུན་དང་ཕྱོགས་གཅིག་ནས་འགྱིག་ཤོག་སོགས་འབག་བཙོག་གིས་མི་སྦགས་པར་ཐུགས་རྗེ་མ་ཆུང་ཞུས་པ་ལགས།

ཨ་མྱེས་རྨ་ཆེན་གྱི་གནས་སྐོར་ལམ་ཡིག

ད་ལོའི་གནས་སྐོར་བ་ཚོ་འགྲོ་བཞིན་པའི་རྣམ་པ།

ཁོར་ཡུག་འབག་བཙོག་ཏུ་བཏང་འདུག་པའི་ཡུལ་དངོས།

  ང་རང་ཉིན་འགའི་སྔོན་ལ་རྨ་ཆེན་གངས་རིར་ཉིན་བཞིའི་རིང་གི་རྐང་ཐང་གནས་སྐོར་ལ་སྐྱོད་ཅིང་གངས་འདབས་སྐོར་ལམ་ཀུན་ན་འདི་ལྟ་བུའི་རང་དོན་གཉེར་མཁན་གྱི་མི་ནི་གྲངས་ལས་འདས་ལ་ཡང་དེ་ལས་ལྡོག་སྟེ་གཞན་དོན་ལ་ཤ་འབད་རུས་འབད་བྱེད་མཁན་ཡང་འགའ་རེ་འདུག   རང་ དོན་ཁོ་ན་གཉེར་མཁན་དེ་དག་གི་ཁྲོད་ན་ལུགས་མཐུན་མིན་པའི་ཚོང་ཟོག་རིན་གོང་དང་ཀུན་སྤྱོད་ངན་པའི་རིགས་ནི་རྒྱུན་མཐོང་དུ་ཆགས་འདུག་ཅིང་གངས་རིའི་ཁོར་ཡུག་ལ་གད་སྙིགས་སོགས་ཀྱིས་བཙོག་པོ་བཟོས་པའི་གནོད་སྐྱོན་ཡང་ཚབས་ཆེན་རེད།
   ཡང་གཅིག་བཤད་ན་དད་ལྡན་གྱི་གངས་མཇལ་བ་རྣམས་ཀྱི་གངས་ལ་དད་པའི་སེམས་པ་དེ་རྩེ་ གཅིག་ཡིན་ཡང་གངས་ལ་གཅེས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ནི་ཁྱོན་ནས་མེད་པའི་སྣང་བ་ཞིག་སྦྱིན་སོང་།  དེ་བས་གངས་མཇལ་བ་རྣམས་ནས་ཀྱང་རང་རང་སོ་སོ་ནས་རང་ལ་མཁོ་མེད་ཀྱི་གད་སྙིགས་དེ་དག་ཅི་མི་སྙམ་པར་གངས་འདབས་ནས་གང་བྱུང་དུ་མི་གཏོར་བའི་རེ་ཞུ་བྱེད་ཀྱིན་ཡོད།  མཐར་གཞན་དོན་འབའ་ཞིག་ལ་གཞོལ་གྱིན་པ་དེ་དག་གི་ཅི་བསམ་དོན་ཀུན་འགྲུབ་པར་ཤོག་ཅིག།

༢༠༡༤/༤/༢༠


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/4/20 བལྟ་ཀློག (9647)